Friday 8 March 2013

ཡིག་ཚད་སྐབས་རྒྱལ་རབས་སྐོར་གྱི་དྲི་བར་ལེན་འདེབས་སྟངས།

༡༽ སྡེ་པ་བསོད་ནམས་ཆོས་འཕེལ་ངོ་སྤྲོད་ཞིབ་གསལ་གྱིས།
 སྡེ་ སྲིད་བསོད་ནམས་ཆོས་འཕེལ་མཚན་གཞན་བསོད་ནམས་རབ་བརྟན་དང་རྒྱ་ལེ་ཆོས་མཛད་ཀྱང་ ཟེརཁོང་ནི་༡༥༩༥ སྟོད་ལུང་དུ་འཁྲུངས། ནར་སོན་སྐབས་འབྲས་སྤུངས་དགའ་ལྡན་ཕོ་བྲང་པའི་ལས་སྣེར་ཞུགས་ཏེ་རིམ་པའི་ཕྱག་ མཛོད་ཀྱི་ཐུགས་འགན་བཞེས་ཤིང་རྒྱ་བ་སྐུ་ཕྲེང་ལྔ་པ་དགུང་ལོ་དྲུག་གི་སྟེང་ འབྲས་སྤུངས་སུ་གདན་ཞུས་གནང༌།

སྐབས་དེར་གཙང་སྡེ་པ་ཡབ་སྲས་ཀྱིས་དགེ་ལུགས་པར་སྡང་ཟུག་ཆེ་བ་མ་ཟད་ཧལ་ཧའི་ཆོག་ཐུ་ རྒྱལ་པོ་དང༌། ཁམས་བེ་རི་རྒྱལ་པོ་བཅས་དཔུང་རོགས་སུ་བརྟེན་བསམ་སྦྱོར་ངན་སྤེལ་གྱིས་སེར་ འབྲས་གཉིས་ལ་གཏོར་སྐྱོན་ཚབ་ཆེན་ཕོག་པ་མ་ཟད། མཚོ་སྔོན་དང་ཁམས་ཕྱོགས་སུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་མང་པོ་བཅོམ་བརླག་ བྱས་ཏེ་ཉམས་ཉེན་ཧ་ཅང་ཆེ་བར། ཆོས་རྗེ་སྟག་ལུང་པའི་བཀའ་དྲིན་ལས་སེ་འབྲས་ཀྱི་གྲྭ་པ་རྣམས་སྔར་རྒྱུན་བཞིན་ དགོན་པར་བཞུགས་ཐུབ་ཙམ་བྱུང་ཡང༌། དགོན་བླུས་སུ་སེ་ར་བས་གསེར་ཞོ་ཉིན་བརྒྱ་དང༌། འབྲས་སྤུངས་པས་གསེར་ཞོ་བརྒྱ་འབུལ་དགོས་ཚུལ་བྱུང་བར་སྡེ་སྲིད་ནས་རྒྱལ་དུ་ རྗེ་གོང་མའི་མཛོད་ནག་ཅིག་ཡོད་པས་དེར་འགྲོ་རྒྱུ་ཁ་གཡར་ཏེ་ལམ་བར་ནས་སོག་ཡུལ་ དུ་བྲོས། གུ་ཤྲི་ཧན་ལ་དེང་སྐབས་ཞིན་ཅང་དུ་ཡོད་པའི་ཨོ་རོད་ཚོ་པ་བཞིའི་ཡ་གྱལ་དམག་རོགས་ ཞུས་ཏེ་སྡེ་པ་སྐྱིད་ཤོད་པའི་དཔུང་དང་མཉམ་སྦྲེལ་གྱིས་གཙང་པའི་མཐུན་ཕྱོགས་བེ་ རི་རྒྱལ་པོ་ཡང་ཆམ་ལ་ཕབ་སྟེ་རྒྱལ་ཁའི་དྲན་གསོར་བྱུས་ཡང་དར་ཆེན་ཞེས་པ་འདི་ བརྩུགས། གཙང་པར་རྒོལ་ལན་དྲག་པོར་བསློག་སྟེ་རྨིག་མེད་དབྱིངས་སུ་རྒྱས་བཏབ། བསམ་གྲུབ་རྩེ་དང༌། དབུས་གཙང་ཐ་དག་དབང་དུ་བསྡུས། སྐབས་དེར་སྲིད་དབང་འཕྲོག་བརྩོད་ཀྱི་སྡེ་གཟར་དང་དམག་འཁྲུགས་ཟམ་མི་ཆད་པ་ཡོད་ ཁར་ཆོས་ལུགས་ཕན་ཚུན་རྙོག་འཛིང་ཆེ་ཞིང་དགེ་ལུགས་པའི་བསྟན་པ་ཉག་ཕྲ་བར་གྱུར་ པའི་སྐབས། སྡེ་སྲིད་འདིས་རྒྱལ་བའི་ཡང་སྲིད་ངོས་འཛིན་དང་སྐུ་ཡོན་ཕུལ་ཐབས། ཡབ་བདུད་འདུལ་རབ་བརྟན་དགོངས་པར་རྫོགས་པར་མངོན་ཆུང་གི་དགོངས་རྫོགས་བསྒྲུབས་ ཐབས། སོག་པོ་གུར་ཤྲི་ཧན་དཔུང་རོགས་སུ་སྦྲན་ཅིང་ཅིང་ཨ་སར་ལང་ཐའི་ཇི་ཡང་རང་ཕྱོགས་ སུ་འགུག་ཐབས། གཙང་དུ་ཉུལ་མ་བཏང་བ་སོགས་ཕྱོགས་ཐམས་ཅད་ནས་ཉམས་པ་མེད་པའི་རླབས་ཆེན་གྱི་མཛད་ པ་ལ་བརྟེན་དགའ་ལྡན་ཕོ་བྲང་ཞེས་པའི་བོད་ས་གནས་སྲིད་གཞུང་དངོས་སུ་བཙུགས་པར་ ཞབས་འདེགས་བླ་ན་མེད་པ་ཞུས་ཤིང་གངས་ལྗོངས་ཆོས་སྲིད་ཀྱི་འཕྲིན་ལས་རྒྱ་ཆེར་ སྤེལ་བར་བཞིན་ས་བྱི་༡༦༥༨ ལོར་བླ་བྲང་དུ་སྐུ་གཤེགས།
 ༢༽ སྡེ་སྲིད་སངས་རྒྱས་རྒྱལ་མཚོའི་མཛད་པ་ཡག་པོ་མ་བྱུང་བའི་རྒྱུ་རྐྱེན་གང༌།

 སྡེ་ སྲིད་འདི་ནི་རིག་གནས་ཀུན་ལ་མཁྱེན་རྒྱ་ཆེ་བ་མ་ཟད་སྲིད་ཀྱི་མཛད་བཟང་ལའང་གཞན་ དྲིང་མ་འཇོག་ཙམ་ཡོད་པས་ྋགོང་ས་ལྔ་པ་མཆོག་ནས་གཞན་དང་མི་འདྲ་བའི་དམིགས་བསལ་ བདག་རྐྱེན་དང༌། ཁོང་གི་མཛད་པ་དང་རྒྱལ་བ་རང་ཉིད་ཀྱི་མཛད་པ་ཁྱད་པར་མེད་ཚུལ་གྱི་རྩ་ཚིག་ལ་ཕྱག་ ཟུང་གི་བརྗེས་སྦྱར་མ་རྩེ་ཕོ་བྲང་གི་སུམ་སྐས་འགོར་སྩལ་ཡོད། ཁོང་ནི་ཕྱི་ལོ་༡༦༧༩ ལོའི་ཟླ་༦ ཚེས་༦ ཉིན་སྡེ་སྲིད་ཀྱི་ཁྲིར་ཕེབས། ཁྱད་པར་ྋལྔ་པ་ཆེན་པོ་གཞན་དོན་དུ་གཤེགས་སྐབས་སོག་བོད་མཉམ་འབྲེལ་གྱིས་ལང་གྲུ་ ཕྱོགས་ཀྱི་ས་ཆ་སྔོན་ཤོར་ཚུར་ལེན་ཐབས་བྱེད་མུན་དང༌། སོག་པོ་དང་རྒྱ་རིགས་ནང་མི་འཆམ་ཚེ་རྒྱ་དབང་མཆོག་ནས་གང་གསུང་བརྩི་བཀུར་བྱེད་ ཀྱི་ཡོད་པ་དང༌། བོད་རྒྱུད་ནང་བསྟན་ལའང་ཁྱད་པར་ཤིན་ཏུ་ཆེ་བས་རྒྱལ་བ་མཆོག་གཤིགས་པ་ཧ་གོ་ན་ སོག་པོས་རྒྱ་ནག་ནང་དཀྲུགས་ཤིང་ཡོང་རྒྱུའི་ཉེན་ཁ་དང༌། རྩེ་ཕོ་བྲང་ཡང་ཡོངས་སུ་མ་འབྱོར་པ་བཅས་ལ་བརྟེན་སྐུ་གོང་མའི་ཞལ་ཆེམས་བཞིན་ གསང་རྒྱ་གནང་བ་ཞིག་ཡིན་ཀྱང༌། སྐབས་དེར་མི་རིགས་བར་གྱི་འགལ་བ་དབང་བསྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བ་སོགས་ ལས་སྤྱི་ཚོགས་ཀྱི་ངོ་བོ་ནི་འགལ་འདུའི་ཕུང་པོ་ཞིག་ཏུ་གྲུབ་ཡོད་པར་བརྟེན། ལྔ་པ་ཆེན་པོ་གཞན་དོན་དུ་གཤིགས་རྗེས་གསང་རྒྱ་ཡུན་རིང་གནང་བ་དེར་ཆིང་གོང་མ་ དང་སོག་པོའི་དཔོན་རིགས་རྣམས་ཀྱིས་སྡེ་སྲིད་རང་ཉིད་ཀྱིས་སྲིད་ཀྱི་དབང་ཆ་ གཅིག་སྡུད་སྒེར་འཛིན་བྱས་པར་བསམས་ཏེ་རྩ་བ་ནས་མ་དགའ་བ་མ་ཟད། སྡེ་སྲིད་ནས་ངོས་འཛིན་ཞུས་པའི་ཡང་སྲིད་མཆོག་ལ་ཐུན་མོང་མི་ཡིན་པའི་དགོངས་ བཞེད་ཡོད་པར་བརྟེན་མཛད་པ་ལ་ལ་སྡེ་སྲིད་ཀྱི་དགོངས་བཞེད་དང་ལྟག་འགྲོ་ལྟ་བུར་ སོང་ཞིང༌། ཡང་སྲིད་དགུང་གྲངས་ཉི་ཤུ་ལྷག་སོན་ཡང་ཆོས་སྲིད་གང་ཐད་སྡེ་སྲིད་ནས་གཅིག་ཆོད་ ཀྱིས་དབང་ཤེད་བཙན་པ་དང༌། དྲུག་པ་ཆེན་པོ་སྤྲོ་གསིང་བག་གཡེང་གི་རྣམ་པའི་མཐུན་མིན་གྱི་མཛད་པ་ཅི་རིགས་ མངོན་སུམ་དུ་སྤེལ་བར་མི་མང་ནས་ལོག་མཐོང་མི་འབྱུང་བར་དམིགས་ཏེ། ཐུགས་དམ་གསན་སྦྱོང་ཚག་ཚུད་ཡོང་སླད་དམ་བསྒྲགས་ཚ་གཅུན་མཛད་པ་ཡང་གསོས་སྨན་ ལེགས་ཕྱོགས་སུ་འགྲོ་རྒྱུ་ལྟ་ཞོག་ཕྱིན་ཅི་ལོག་མཐོང་ལྟ་བུ་ཤ་སྟག་བྱུང་བ་དང༌། མཐར་རྒྱས་ནས་ཀྱིས་སྐུ་ཞབས་སླད་པར་དགོངས་ནས་གསོད་རྩིས་གནང་བ་ལམ་ལྷོང་མ་བྱུང་ བ་སོགས་ལ་བརྟེན་སྡེ་སྲིད་ཆེན་མོར་སྐུ་ཞབས་ནས་ཐུགས་རྩ་བ་མི་གཉེས་པ་དང༌། གོང་བཤད་ལྟར་སུམ་སྐས་འགོའི་བཀའ་ཤོག་ཏུ་བག་མེད་ཀྱི་ཇོ་མོ་བཞེས་པ་སོགས་མཛད་ མི་ཆོག་པ་ལ། སྡེ་སྲིད་ནས་འཆི་མེད་དགའ་ཚལ་དང༌། དཔའ་རབ་ཁང་གསར་གྱི་བདག་མོ་གཉིས་བཞེས་ཏེ་ཆེ་འདོན་དང་ཚ་ཉམས་བདག་རྐྱེན་ཡོངས་ གྲགས་གནང་བ་བཅས་ལས། བླ་ཁག །རྫོང་གཞིས། ཕྱིན་ནང་གི་ལས་ཚན་སོགས་ཀྱིས་ཐུགས་ཁྲེལ་བའི་རྣམ་པ་བྱུང་ཡོད་པ་གསལ་བ་བཅས་ལས་ སྡེ་སྲིད་ཀྱིས་མཛད་པ་མི་ལེགས་ཙམ་བྱུང་ཡོད་པ་ནི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ པའི་ཞོར་དུ་མངོན་ཐུབ། དེ་ལྟར་སྡེ་སྲིད་མཆོག་གི་མཛད་པར་མི་མང་དང་རྒྱལ་དབང་མཆོག་གིས་ལོག་གཟིགས་ལྟ་ བུའི་འགལ་ཟླ་ཡོད་པའི་སྐབས་དེར། ལྷ་བཟང་ཁང་གི་གོ་སྐབས་བཙལ་ཏེ་དབང་བསྒྱུར་གྲལ་རིམ་ནང་ཁུལ་དང་བོད་སོགས་མཆོད་ ཡོན་གྱི་འགལ་རྩོད་རྣོ་ངར་ཛ་དྲག་ཅན་དུ་གྱུར་ཅིང་སེ་འབྲས་ཀྱི་བླ་གྲྭ་རྣམས་ ཀྱང་རང་ཕྱོགས་ཁོ་ནར་མ་ཡིན་པ་སོགས་ལ་བརྟེན་མཐར་ཁོང་གི་སྐུ་སྲོག་ཀྱང་ཤོར་ཡོད།
 ༣༽ རྒྱལ་དབང་དྲུག་པའི་བསླབ་སྡོམ་མ་བཞེས་པ་ལ་ཕྱི་ནང་གི་འགལ་རྐྱེན་གང་ཡོད་དམ།

ས་ ཡོས་༡༦༩༩ ལོར་བསྟན་འཛིན་ད་ལའི་ཁཱང་གི་སྲས་བགྲེས་པ་བསྟན་འཛིན་དབང་རྒྱལ་དང༌། གཞོན་པ་ལྷ་བཟང་ཁང་གཉིས་མི་མཐུན་པ་ཆེན་པོ་བྱུང་བར་སྡེ་སྲིད་ནས་བར་གསེས་ཐོག་ གསོལ་སྐལ་དང་བཅས་ལྷ་བཟང་ཁང་མཚོ་ཁར་ཕེབས། མཚོ་སྔོན་གྱི་དཔོན་ཁག་ཚོ་ཡང་མ་འཆམ་པས་སྟོང་འཁོར་ཚོགས་འདུ་ལེགས་ལམ་མ་བྱུང་བ་ དང༌། ཨོ་རོད་ནས་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་ཀྱི་མཛད་པར་སྐྱོན་མཐོང་ཁོ་ནས་ ྋརྒྱལ་དབང་མཆོག་ལའང་ལོག་མཐོང་དང༌། རྒྱ་ཕྱོགས་ནས་ཅང་སྐྱ་སྐུ་སྐྱེར་དགོངས་ཕོག་བཏང་བ་དང༌། ༡༩༧༠ ལོར་ལྷ་བཟང་ཁཱང་བོད་དུ་ཡོང་སྟེ་ཡབ་མེས་ཀྱི་གོ་ས་བོད་ཀྱི་རྒྱལ་པོའི་མཚན་ བཟུང༌། རིམ་གྱིས་ལྷ་བཟང་དང་བོད་ཀྱི་སྡེ་སྲིད་གཉིས་བར་སྲིད་དབང་འཕྲོག་རྩོད་ཀྱི་འཐབ་ རྩོད་དྲག་པོ་བྱུང༌། སེ་འབྲས་ཀྱི་བླ་གྲྭ་ཁག་གཅིག་ནས་ལྷ་བཟང་ཧན་གྱི་ཕྱོགས་གཏོགས་ཀྱི་བྱ་སྤྱོད་ སྤེལ་བ་སོགས་གྲལ་རིམ་དབང་འཛིན་གྱི་འགལ་བ་དང་སྲིད་དབང་སྒེར་སྤྱོད་པ་དག་གིས་ བྱས་ཉེས་ལ་བརྟེན་ཕྱི་ནང་གི་སྤྱི་ཚོགས་ཧ་ཅང་རྙོག་འཛིང་ཆེ་བས་ྋགོང་ས་མཆོག་ ཐུགས་འཚིག་པ་ལྟ་བུ་བྱུང་ཞིང༌། དེ་ལ་བརྟེན་ནས་དགོངས་པ་སྦྱིད་ལུག་གི་ཚུལ་གྱིས་སློབ་གཉེར་ཇེ་ཞན་དུ་གྱུར། དགུང་ལོ་ཉི་ཤུ་ལྷག་ཕེབས་ཟིན་ནའང་སྐུ་དབང་ཡོང་རྫོགས་སྡེ་སྲིད་ནས་གནང་བས་ གཞུང་བརྟེན་ལ་རྒྱར་སོགས་འགྲོ་ཕན་ཇི་བཞིན་མ་བྱུང་ཁར། མི་མང་ནས་ྋགོང་ས་མཆོག་ལ་ལོག་མཐོང་མི་འབྱུང་ཆེད་སྡེ་སྲིད་ནས་སེམས་བཟང་གི་ མཛད་པ་ཁག་གཅིག་ཚ་གཅུན་ཆེ་དྲག་པ་སོགས་ལ་བརྟེན་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ དྲུང་དུ་སྡོམ་པ་ཕྱིར་ཕུལ་ཏེ་བརྟུལ་ཞུགས་ཀྱི་མཛད་པ་སྐྱོང་སྟེ་ཉི་མོ་སྤྲོ་ སྐྱིད་དང་མཚན་མོ་ལྷ་ས་དང་ཞོལ་གྱི་གྲོང་ཁྱེར་དུ་ཆུང་འགྲུས་བྱམས་པ་བཙལ་བ་ སོགས་མཛད་པ་ཐ་མལ་པ་འདི་བྱུང་འདུག །

༤༽ གཙང་པ་རྒྱལ་ཐོག་གསུམ་གྱི་དུས་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་བབས་གང་འདྲ་ཡིན།

བོད་ ཀྱི་ལོ་རྒྱུས་སྟེང་གཙང་པ་སྡེ་སྲིད་ཅེས་འབོད་པ་དེ་ནི་རིན་སྤུངས་པའི་སྲིད་ དབང་མགོ་རྟིང་སློག་སྟེ་དབུས་གཙང་ཀུན་ལ་དབང་བསྒྱུར་ཐོག་མར་བྱེད་མཁན་ཞིང་ཤག་ པ་ཚེ་བརྟན་རྡོ་རྗེ་ནི་གཙང་པ་རྒྱལ་ཐོག་དང་པོ་ཡིན། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་ནི་བོད་དབུས་གཙང་གི་ཕྱོགས་འདིར་ཕོ་སུ་ རྒོད་དང་རྟ་སུ་མགྱོགས་ཀྱིས་ཡུལ་གྱི་ས་སྡེ་རྣམས་སུ་རྫོང་བརྩིགས། ཡུལ་ཁམས་རྣམས་སོ་སོས་རང་འདོད་ལྟར་བདག་ཏུ་བཟུང་སྟེ་བསམ་སྦྱོར་མི་བསྲུན་པའི་ དམག་མཚོན་གྱི་བསྐལ་བ་དར། ཧོར་སོག་ཀླ་ཀློའི་དཔུང་ར་མདར་སྦྲན་ཏེ་ཡུལ་ཁམས་ཐམས་ཅད་བཅོམ་ཞིང་སེམས་ཅན་ལ་ བདེ་བའི་གོ་སྐབས་མེད་པའི་སྤྱི་ཚོགས་ཤིག་ཡིན།
        རྒྱལ་ཐོག་གཉིས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀརྨ་ཕུན་ཚོགས་རྣམ་རྒྱལ་ཞེས་ གྲགས་པ་དེའི་སྐབས་སུ་ཡང་ཕ་ཤུལ་བུ་འཛིན་ཀྱིས་རང་སྐྱོང་གཞན་འདུལ་གྱི་ལས་ལ་ ཞུགས་ཏེ་དམག་དཔུང་དབུས་སུ་བཏེགས་ཏེ་ཡར་རྒྱབ་དཔོན་སོགས་ཚར་བཅད། དབུས་ལྷོ་བརྒྱུད་རྣམས་རང་ཞབས་སུ་བཅུག་པ་སོགས་འདོར་ན་དབུས་གཙང་གི་ཡུལ་ལུང་ ཁག་དབང་དུ་བསྡུས། ཕྱི་ལོ་༡༦༡༡ ནས་༡༦༡༨ བར་ལོ་ངོ་བདུན་ཙམ་གྱི་རིང་ལ་བཀའ་ཁྲིམས་བཟང་པོས་བསྐྱངས་པར་མངོན་ཡང༌། ༡༦༡༨ ལོར་ཧོར་སོག་གི་དཔུང་བོད་དུ་ལུད་ནས་བྱང་ཁམས་ཐམས་ཅད་དམག་གིས་བཅོམ། ལྷ་སའི་གཙུག་ལག་ཁང་ཡང་སོག་དམག་གིས་བཟུང་བ་སོགས་དུས་མི་བདེ་བའི་སྐབས་ཤིག་ བྱུང་བར། གཙང་དམག་ཕབ་སྟེ་མཐའ་དམག་རྣམས་ཚར་བཅད་དེ་སྟོད་ཛཱ་ཏི་དབྱུག་པས་བརྡུངས་ས་ནས་ སྨད་རྒྱ་མོ་དར་ཟབ་འཐག་ས་ཡན་གཙང་པའི་ཞབས་སུ་བཅུག་སྟེ་བོད་ཁམས་ཀུན་ལ་དབང་ བསྒྱུར་བའི་བཀའ་ལུང་བསྒྲགས། འོན་ཀྱང་སྐབས་དེའི་སྤྱི་ཚོགས་ནི་རང་ཉིད་ལ་སྟོབས་ཤུགས་དང་སྲིད་དབང་སྲ་བརྟན་ དགོས་ན་ཆོས་ཕྱོགས་ཀྱི་བླ་ཆེན་དང་གྲྭ་ཚང་ཁག་ལ་བརྟེན་དགོས་པར་སོང་ཁོང་དྭགས་ པོ་བཀའ་བརྒྱུད་པར་ལྷག་པར་མོས་པས་ཕྱོགས་ཞེན་ལྟ་བུའི་སེ་འབྲས་ཀྱི་དགེ་འདུན་པ་ དང་དབུས་དམག་མང་པོ་བསད་པ་དང་དགེ་འདུན་ལྷག་འཕྲོས་རྣམས་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན། སྡེ་པ་སྐྱིད་ཤོད་པ་རྣམས་བྱང་སྟག་ལུང་གི་ཕྱོགས་སུ་བྲོས་དགོས་པ་སོགས་དགེ་ ལུགས་པར་གཙེ་བའི་ལས་ཀ་མང་པོ་བྱས། སྐབས་དེའི་སྤྱི་ཚོགས་ནི་ནང་ཁུལ་སྲིད་དབང་འཕྲོག་རྩོད་ཆེ་བ་དང༌། ཆོས་ལུགས་གྲུབ་མཐའི་བར་དང་ས་གནས་སྡེ་དཔོན་གྱི་འཐབ་རྩོད་སོགས་ཛ་དྲག་དང་རྙོག་ འཛིང་ཧ་ཅང་ཆེ་བའི་མ་ཟད་ཕྱི་སོག་ཀླ་ཀློའི་དཔུང་དམག་གིས་སུན་གཙེར་བྱེད་བཞིན་ པའི་སྤྱི་ཚོགས་ཤིག་ཡིན།
        དེའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་ཀརྨ་བསྟན་སྐྱོང་དབང་པོ་གཙང་པ་ རྒྱལ་ཐོག་གསུམ་པ་དང༌། ཁོང་གིས་སྲིད་བསྐྱངས་བའི་དུས་ཡུན་ལོ་ངོ་ཉི་ཤུ་ཙམ་ལས་མ་བྱུང་ཡང་སྲིད་འཛིན་ གྱི་སྒྲིག་གཞི། དམག་དོན། རྩ་ཁྲིམས་སོགས་ཆོས་དང་སྲིད་ཀྱི་མཛད་པ་རྣམས་གཙང་པ་རྒྱལ་ཐོག་གཞན་ལས་མི་དམན་པ་ ཡོད་ཅིང༌། ལྷག་པར་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དེ་ཙམ་མེད་པར་གྲགས་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་བཙལ་མི་ཆོག་པ་དང༌། གཙང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་བཙན་བཤད་ཀྱིས་གྲུབ་མཐའ་བསྒྱུར་བ་དང༌། རྒྱལ་བ་ལྔ་པའི་ཡབ་བདུད་འདུལ་རབ་བརྟན་དཀྲོངས་པ་དང༌། དགེ་ལུགས་པའི་སྦྱིན་བདག་གི་མཐིལ་སྟག་རྩེ་སྡེ་པ་ཡུལ་བྱོལ་དུ་ཕེབས་དགོས་བྱུང་ བ་སོགས་སྡེ་སྲིད་འདི་པའི་དུས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆོས་ལུགས་གྲུབ་ མཐའ་དང་ས་གནས་སྡེ་དཔོན། བོད་སོགས་མི་རིགས་བཅས་ཀྱི་དབར་འཐབ་རྩོད་དང་འཁྲུག་ཟིང་རྒྱུན་མ་ཆད་པར་བྱུང་ བའི་སྐབས་ཤིག་ཡིན།

༥༽ རིན་སྤུངས་པ་དང༌། གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་ཆབ་སྲིད་སྐྱོང་སྟངས་ལ་ཁྱད་པར་གང༌།
 ༡༩༤༡ ལོ་ནས་བཟུང་ལོ་ངོ་དགུའི་རིང་ལ་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་ཕག་གྲུའི་སྡེ་ སྲིད་ཀྱི་དཔོན་ཚབ་ཐེལ་གཏོང་བྱས་ཏེ་ཕག་གྲུའི་ཆོས་སྲིད་ཀྱི་ཁ་ལོ་བསྒྱུར་བ་ནས་ བཟུང་རིན་སྤུངས་པའི་སྲིད་དབང་དངོས་སུ་མགོ་ཚུགས། སྐབས་དེར་ཆབ་སྲིད་སྐྱོང་སྟངས་ཐད་རང་རྒྱལ་གཞན་ཕམ་གྱིས་དབང་ཐང་རྩོད་རེས་དང༌། ཆོས་ལུགས་ཐད་མཆོད་འབངས་འཕྲོགས་རེས་བྱེད་པའི་འཁྲུག་འཛིང་ཁོ་ནས་དུས་འདའ་བ་མ་ གཏོགས་བོད་གངས་ཅན་གྱི་ཆོས་སྲིད་ལུགས་གཉིས་ལ་ཕན་ཐོག་པ་བྱུང་མེད་པས་སྐབས་ འདིའི་གནས་ཚུལ་ལ་ལོ་རྒྱུས་མཁན་པོ་ཀུན་གྱིས་ཐུགས་དགྱེས་པར་མ་མཛད་སྐད་དོ།
        གཙང་པའི་སྐབས་སུ་སྲིད་འཛིན་ཕོ་བྲང་གི་ལྟེ་བ་གཞིས་ཀ་བསམ་གྲུབ་རྩེར་གཏན་ འབེབས་གནང༌། སྤྱིར་དུས་ཟིང་ཞོད་འཇགས་ཐབས་ལ་བརྩོན་པ་མི་དམན་ཙམ་བྱས་ཡོད་པར་སྣང་སྟེ། ཤར་མི་འགྱུར་འོལ་དགའ་རྫོང༌། ལྷོ་མི་འགྱུར་དོ་བོ་རྫོང༌། ནུབ་མི་འགྱུར་པ་རྣམ་རྫོང༌། བྱང་མི་འགྱུར་གསང་སྔགས་བདེ་ཆེན་གྱི་རྫོང་སོགས་བརྩེགས་པ་ལས་ཀྱང་ཤེས་ཐུབ་ ཅིང༌། ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་ལ་འབེབས་པའི་སྒོ་ནས་སྲིད་བསྐྱངས། འོན་ཀྱང་ཆོས་ཕྱོགས་ཀྱི་གྲུབ་མཐའ་ཁག་ལ་གཟིགས་སྟངས་འདྲ་མཉམ་ཞིག་མ་བྱུང་བ་ལས་ མཐར་ཉམས་ཆགས་ཆེན་པོ་བྱུང་ཡོད། བོད་ཀྱི་ལོ་རྒྱུས་སྟེང་གཞུང་ས་དགའ་ལྡན་ཕོ་བྲང་ཞེས་གངས་ལྗོངས་ཆེན་པོ་འདིའི་ ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་གྱུར་ཏེ་ལོ་སུམ་བརྒྱ་ལྷག་རིང་ཆབ་སྲིད་ བསྐྱངས་པ་ཡིན་ལ། འདི་ནི་དགེ་ལུགས་པས་བཙུགས་པའི་བོད་ཀྱི་སྲིད་དབང་ཡིན་པས་དགེ་ལུགས་པའི་གྲུབ་ མཐའི་དར་རྒུད་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན། དེས་ན་མཉམ་མེད་ཙོང་ཁ་པ་ཆེན་པོས་དགེ་ལུགས་ཀྱི་གྲུབ་མཐའ་སྲོལ་ཕྱེས་ཏེ་འབྲོག་ རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། ཁོང་གི་གསུང་ལས་སྐྱེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་ སྟོད་མངའ་རིས་ནས་སྨད་མདོ་ཁམས་དང་བྱང་ཧོར་སོག་གི་ཡུལ་གྲུར་ཞྭ་སེར་བསྟན་པའི་ རིང་ལུགས་དབྱར་མཚོ་ལྟར་རྒྱས་པར་མཛད་པར་བརྟེན། བོད་སོག་གི་ཡུལ་དུ་དགེ་ལུགས་པའི་སྤྱི་ཚོགས་ཀྱི་དམངས་གཞི་དང་དཔལ་འབྱོར་གྱི་ རྨང་གཞི་བརྟན་པོ་ཆགས་སྟབས། ཆོས་ལུགས་ཐད་སྦྱིན་བདག་དང་ཆབ་སྲིད་ཐད་སོག་པོའི་དཔུང་ཤུགས་ལ་བརྟེན་ནས་བོད་ཁ་ བའི་ལྗོངས་སུ་ལུགས་གཉིས་ཀྱི་བདག་པོར་གྱུར། སྐབས་དེར་དགའ་ལྡན་ཕོ་བྲང་པར་ངོ་རྒོལ་བྱེད་མཁན་རྣམས་ཚར་བཅད་དེ་དགོན་གྲྭ་འགའ་ ཤས་ཀྱི་གྲུབ་མཐའ་བསྒྱུར་བ་སོགས་བྱུང་ཡོད་ཀྱང༌། རང་ཕྱོགས་རྒྱལ་ཐབས་ཙམ་དང་གཞན་ཕྱོགས་ཕམ་པ་ཁོ་ནར་དམིགས་པ་ལྟ་བུ་མ་ཡིན་པར་རིམ་ པའི་སྔར་གྱི་བཀའ་གཙང་ལྟ་བུའི་གུ་དོག་གི་གྲུབ་མཐའི་ཕྱོགས་ཞེན་སྤངས་ཏེ། མཁྱེན་རྒྱ་ཆེན་པོས་ཆོས་ལུགས་རིས་མེད་གནང་ཞིང་རང་རང་གི་ལུགས་དང་མཐུན་པ་འཕེལ་ རྒྱས་སུ་འཇོག་གནང་མཛད་པ་དང༌། རྒྱལ་བ་ལྔ་པའི་མཁྱེན་དཔྱོད་དང་སྲིད་ཐབས་ལ་འགྲན་མ་ནུས་པར་སོག་པོས་བོད་དུ་ འཛིན་པའི་དབང་ཆ་ཡང་རིམ་ཉམས་ཐོག་མི་རིགས་ནང་ཁུལ་མཐུན་སྒྲིལ་གང་ལེགས་དང༌། དུས་ཟིང་ཞོད་འཇགས་སུ་བཏང་རྗེས་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གཏན་ལ་ཕབ་སྟེ་བོད་ ཡོངས་ལ་དྲིལ་བསྒྲགས་དང་སྲིད་འཛིན་ལས་ཁུངས་ཁག་གསར་འཛུགས་གནང་སྟེ་ཆོས་སྲིད་ གཉིས་ཀར་མཁས་མཛངས་རླབས་ཆེན་གྱི་མཛད་རྗེས་བླ་ན་མ་འཆིས་པ་འཇོག་གནང་གིས་སྲིད་ བསྐྱངས་ཡོད།
 ༦༽ དུས་སྐབས་དེའི་ནང་དུ་ཆོས་བརྒྱུད་བར་ལ་འགལ་ཟླ་ཡོང་དགོས་པའི་རྒྱུ་རྐྱེན་ཞིབ་གསལ་ངོ་སྤྲོད་གྱིས།
 སྤྱིར་ ཡུལ་སྡེ་གང་འདྲ་ཞིག་ཡིན་ཀྱང་མཐུན་སྒྲིལ་ནི་རྒྱལ་ཁབ་ཀྱི་རྨང་གཞི་དང༌། ནག་འགལ་གྱི་འཁྲུག་རྩོད་ནི་དབང་ཤུགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་ བོ་ཞིག་ཡིན་པར་ཡོངས་སུ་གྲགས་པ་བཞིན་རང་རེའི་བྱུང་བ་བརྗོད་པའི་རབས་ལ་མཚོན་ ནའང༌། གཞུང་གི་བློན་ཆེན་ཁག་དང༌། ཡུལ་གྲུ་སོ་སོའི་སྡེ་དཔོན་ཁག་གིས་བོད་ཡོངས་ཀྱི་ཁེ་ཕན་ལ་མ་བལྟས་པར། རང་ཉིད་སྒེར་གྱི་དབང་ཆ་ཕྲན་ཚེགས་ལ་དམིགས་ཏེ་ས་ཕྱོགས་དང་ས་ཕྱོགས་བར་འགལ་བ་ སློང་བ་དང༌། ཆོས་ལུགས་དང་གྲུབ་མཐའི་བར་འགལ་བ་བསླངས་ཏེ་དེ་དག་སྟོབས་ཤུགས་བེད་སྤྱོད་བྱས་ ནས་རང་རང་ས་ཁོངས་རྒྱ་བསྐྱེད་བྱ་ཆེད་རང་དང་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་ལ་གུས་ བཀུར་དང་རོགས་སྐྱོར་གནང་གི་ཡོད་པ་དང༌། རང་གི་ཁ་གཏད་དུ་གྱུར་པའི་དཔོན་རིགས་ཁག་དང་འབྲེལ་བ་ཡོད་པའི་དགོན་སྡེ་ཁག་ལ་ཁ་ གཏད་དང་མགོ་གནོན་བྱེད་གང་ཐུབ་བྱེད་ཀྱིན་ཡོད་པ་དེ་ནི་སྐབས་དེའི་དཔོན་རིགས་ རྣམས་ཀྱི་སྲིད་དབང་འཕྲོག་རྩོད་ཀྱི་བྱ་ཐབས་ཤིག་ཡིན་པ་ལས། ཆོས་ལུགས་ལྟ་གྲུབ་མ་མཐུན་པའི་ཆོས་ཕྱོགས་ཀྱི་རྩོད་མིན་པ་མིན་པ་ནི་གཟུར་གནས་ སྐྱེ་བོ་ཀུན་གྱི་དགོངས་དབྱིངས་སུ་བདེན་རྫུན་གྱི་གོ་མཚམས་གསལ་བ་སྨོས་མ་དགོས་ པ་ཡོད་འདུག །   

༢༠༡༠།༢།༨།ཉིན།






No comments:

Post a Comment