Friday 8 March 2013

ཨ་རཱ་གས་མཛད་པའི་རྫ་རྒྱལ་འབྲི་བྱེད་ཀྱི་ཀ་བསྟོད།

ཨ་རཱ་གས་མཛད་པའི་རྫ་རྒྱལ་འབྲི་བྱེད་ཀྱི་ཀ་བསྟོད།
ཀ་ཡི་གསོན་དང་ཟླ་རྒྱལ་འབྲི་བྱེད་རྗེ།།
ཁ་བ་ཅན་གྱི་ཡུལ་ལྗོངས་ཟླ་སྟོད་ཀྱི།།
ག་ནས་བསམས་ཀྱང་ས་བདག་ཁྱོད་ཡིན་པས།།
ང་ཡི་ཁྱེད་ལ་བསྟོད་པ་འབུལ་བའི་ཕྱིར།།

ཅ་ཅོའི་སྤྲིན་དབྱངས་འདི་དག་གསན་པར་མཛོད།།
ཆ་ལུག་མི་དཀར་རུ་རྨོག་རྒོད་ཐུལ་ཅན།།
ཇ་ཆང་དཀར་གསུམ་གཏོར་མའི་མཆོད་པ་འབུལ།།
ཉ་རྒྱས་ཟླ་ལྟར་དཀར་ཞིང་མཛེས་པའི་ཞལ།།
ཏ་ཐཱ་ག་ཏའི་བསྟན་པ་སྲུང་མཛད་ཅིང་།།
ཐ་ན་སུ་མཆོད་དེ་ཡི་ལྷ་ཡིན་ཏེ།།
ད་ནི་རྣལ་འབྱོར་བདག་གི་སྲུང་མ་མཛོད།།
 ན་ཚ་ཤི་དང་གོད་ཁ་མ་བཏང་ཞིག
པ་དེ་པུད་དེ་ཕན་ཐོག་དགོས་པ་མེད།།
 ཕ་རོལ་གནོད་བྱེད་ཐམས་ཅད་ཧུར་ཐུཾ་བཟློག
བ་མོར་ཉི་ཟེར་བཞིན་དུ་འགལ་རྐྱེན་སོལ།།
མ་སྲིང་མཛེས་པའི་ཆ་ལུགས་བཙུན་མོའི་ཚོགས།།
ཙ་ཁ་ལེགས་ཤིང་ལོ་ཕྱུག་འཕེལ་བ་དང་།།
ཚྭ་ཁ་ཚོང་དུས་འགྲིམས་དུས་ཁ་འཛིན་མཛོད།།
ཛ་ཡི་པདྨ་འབྱུང་གནས་བཀའ་བསྒོས་ལྟར།།
ཝ་རེ་ཞུ་རེའི་བསྙན་གྲགས་མངའ་ཐང་སྩོལ།།
ཞྭ་ལྟར་པད་འབྱུང་སྤྱི་བོར་བཀུར་བྱེད་ཅིང་།།
ཟ་བྱེད་བཙན་བདུད་དྲེགས་པའི་ཚོགས་དང་བཅས།།
 འ་རེ་འུ་རེའི་འབྲུག་སྒྲ་ཐོག་སེར་བཅས།།
ཡ་མཚན་ཆེ་བའི་སྨན་ཕྲན་མང་པོ་དང་།།
ར་སྐྱེས་འབུམ་གྱིས་འཁོར་དང་བཅས་པ་ལ།།
ལ་ཆེན་འབྲི་བྱེད་འཁོར་དང་བཅས་ལ་བསྟོད།།
ཤ་ཚ་སྙིང་རྗེའི་ཕ་མ་ཁོ་བོ་ལྟར།།
ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད།།
ཧ་ཧ་དགྱེས་པའི་གད་མོ་དང་བཅས་ལ།།
ཨ་ལ་ལ་ཧོ་དངོས་གྲུབ་ཐམས་ཅད་སྩོལ།།

No comments:

Post a Comment