Monday 6 June 2022

དམ་པ་སངས་རྒྱས་ཀྱི་ཞལ་གདམས་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ།

དམ་པ་སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དམ་པ་སངས་རྒྱས་དེ་དུས་རེ་ཞིག་ན་བཤུམ་གིན་གདའ་སྐད། ཀུན་དགས་དམ་པ་ཅི་ལ་བཤུམ་པ་ཡིན་ཞུས་པས། ཐུབ་པའི་བསྟན་པ་ནུབ་ལ་ཁད་ལ་དུ། ནམ་ནུབ་ལགས་ཞུས་པས། ད་ལོ་མང་པོ་ཙམ་མེད་གསུངས། རྟགས་ཅི་ཡོད་ལགས་ཞུས་པས། ནམ་ཕུག་ན་མི་བཟང་བཟང་གྲངས་ཉུང་། མི་ངན་མགོ་ལངས།