Thursday 7 March 2013

བྲག་ཡེར་པའི་ལོ་རྒྱུས་དང་། ངོ་སྤྲོད་མདོར་བསྡུས།

ལྷུན་གྲུབ་ས་འཛིན་ཏཱ་རེ་བཞུགས་པའི་གནས།།
དབེན་ཞིང་ཉམས་དགའི་ཡེར་པའི་རི་ཁྲོད་ཅེས།།
སྙན་པའི་གྲགས་པའི་ཕྱི་ནང་ངོ་མཚར་གྱི།།
རྟེན་དང་བརྟེན་པའི་ལོ་རྒྱུས་མདོ་ཙམ་འགོད།།

བྲག་ཡེར་པ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སུ་གནས་ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་ཁར།བྲག་ཕུག་དང་དགོན་པ་གཞི་གཅིག་ཏུ་འབྲེལ་ཡོད།ཤོད་རྒྱུན་ལ་དགོན་པ་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཙུན་མོ་མོང་བཟའ་ཁྲི་ལྕམ་ཡུམ་ཟས་ཀྱི་རྟེན་སྐལ་དུ་བཞེངས་ཟེར།ཕྱིས་སུ་བོད་ཀྱི་སྒྲུབ་གནས་ཆེ་བ་བཞིའི་གྲས་སུ་གྱུར།དེའི་ཁྲོད་ནས་སྒྲུབ་ཁང་འགའ་ཤས་སྐད་གྲགས་ཧ་ཅང་ཆེན་པོ་ཡོད་དེ།དཔེར་ན་སྲོང་བཙན་སྒྲུབ་ཕུག་དང་གུ་རུའི་སྒྲུབ་ཕུགཡེར་པ་ཟླ་བ་ཕུག་སོགས་ཡོད།བོད་ཀྱི་དམངས་གླུའི་ཁྲོད།བོད་ཀྱི་གནས་ཕུད་ལྷ་ས།ལྷ་སའི་གནས་ཕུད་ཡེར་པ།ལྷ་སར་ཡེར་པ་མེད་ན།གོས་ལ་གོང་བ་མེད་འདྲ།ཞེས་བརྗོད་སྲོལ་ཡོད།

མུ་འགོད་་་་་་་་་་་་་་

No comments:

Post a Comment