Monday 20 July 2015

སྤྱངས་པའི་ཡོན་ཏན་བཅུ་གཉིས།

སྤྱངས་པའི་ཡོན་ཏན་བཅུ་གཉིས། ༡ཟས་བཟང་པོ་ལ་ཆགས་པ་སྤང་པའི་ཕྱིར་ཟས་བསོད་སྙོམས་པའོ། །༣ཟས་མང་པོ་ལ་ཆགས་པ་སྤང་པའི་ཕྱིར་སྟན་གཅིག་པ་དང་། ༣ ཕྱིས་མི་ལེན་པའོ། །༤ གོས་འཇམ་པོ་ལ་ཆགས་པ་སྤང་པའི་ཕྱིར་ཆོས་གོས་གསུམ་པ་དང་། ༥ ཕྱིང་པ་བའོ<ཆོས་གོས་གསུམ་དང་གོས་ལྷམ་ཅི་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་བར་དམ་བཅའ་བའོ། །>
༦ གོས་བཟང་པོ་ལ་ཆགས་པ་སྤང་པའི་ཕྱིར་ཕྱག་དར་ཁྲོད་པའོ། །༧ འདུ་འཛི་ལ་ཆགས་པ་སྤང་པའི་ཕྱིར་དགོན་པ་བའོ། །༨ གནས་ཁང་ལ་ཆགས་པ་སྤང་པའི་ཕྱིར་ཤིང་དྲུང་པ་དང་། ༩ བླ་ག་བ་མེད་པའོ། །༡༠ གནས་ཁང་ལ་ཆགས་པ་དང་སེམས་ཅན་ལ་ཆགས་པ་གཉིས་ཀ་སྤང་པའི་ཕྱིར་དུར་ཁྲོད་པའོ། །༡༡ གློས་ཕབ་སྟེ་ཉལ་བ་ལ་ཆགས་པ་སྤང་པའི་ཕྱིར་ཙོག་པུ་བའོ། །༡ རྩ་དང་ལོ་མ་བཏིང་པ་ལས་གཞན་འབོལ་སྟན་དང་རས་ལ་སོགས་པའི་སྟན་གདིང་བ་ལ་ཆགས་པ་སྤང་པའི་ཕྱིར་གཞི་ཇི་བཞིན་པའོ།།<མལ་སྟན་ལ་ཆགས་པའི་གཉེན་པོ་དབེན་སར་གནས་གར་བབ་བབ་ཏུ་འདུག་ཅིང་བདེ་བ་མི་འདམ་པར་འདུག་པ> སྒྲ་བཤད་<etymology>ནི། སེམས་ལས་རུང་དུ་བྱེད་པའི་ཡོན་ཏན་ཡིན་པས་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དམ་བཅའ་བླངས་པ་དང་ལྡན་པས་སྦྱངས་པའི་ཡི་དམ་ཞེས་ཀྱང་བྱའོ། །

No comments:

Post a Comment