Monday 8 December 2014

མ་ཧ། ཨ་ནུ། ཨཏི་བཅས་ཀྱི་སྐོར། གཞན་ལས་དྲངས།

དེ་ལྟར་དུ་བླ་མེད་ཀྱི་རྒྱུད་དེ་ལ་བསྐྱེད་པ་མ་ཧ་ཡོ་ག །རྫོགས་པ་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་ག །ཞེས་བཤད་ཚུལ་དང་། ཡང་རྒྱུད་མ་ཧ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་ཞེས་འཇོག་ཚུལ་གཉིས་ཡོད་པས། མ་ཧ་ལ་རྒྱུད་ཟེར་བའི་དོན་ནི། ཨ་ནུ་དང་ཨ་ཏི་གཉིས་ཀའི་འཕྲོ་གཞི་ཡིན་པའི་ལུས་ཀྱི་སྤྱི་ཁོག་ལྟ་བུ་ཡིན་པས་རྒྱུད་ཞེས་བྱ། ཨ་ནུ་ལ་ལུང་ཟེར་བའི་དོན་ནི།
མ་ཧའི་རྒྱུད་ཀྱི་སྙིང་པོའི་གནད་དོན་གྱི་ཆ་ཤས་ལུས་ཀྱི་བྱེ་བྲག་ཡན་ལག་བྱུང་བ་ལྟ་བུའི་"ལྷའི་ལམ་གྱི་བྱེ་བྲག་གི་"རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་ལམ་གཙོ་བོར་སྟོན་པའི་ལུང་ཞེས་བྱ། ཨ་ཏི་ལ་མན་ངག་ཟེར་དོན་རྩ་ཐིག་ལའང་གཙོ་བོར་འདོན་མི་བྱེད་པར་རྩོལ་མེད་ཕྲ་བ་གཉུག་མ་རང་བྱུང་གི་ཡེ་ཤེས་རྗེན་བྱུང་གི་ལམ་"བསྒོམ་པ་ཡིན་ལ་དེ་ནི་"སྔ་མ་གཉིས་ཀའི་གསལ་བར་སྟོན་མི་ནུས་ཤིང་རྟོགས་མ་ནུས་པའི་ཟབ་དོན་ཁྱད་པར་ཅན་"གྱི་སྙིང་པོ་ལྟ་བུ་"སྟོན་པས་ན། མན་ངག་གི་རྒྱུད་ཆེས་བྱ། དེ་ལྟ་བུའི་ནང་རྒྱུད་གསུམ་ལས་དང་པོ། མ་ཧ་ཡོ་ག་ལམ་དང་རྒྱུད་ཀྱི་མཚན་ཉིད་ནི། སྣང་སྟོང་གཉིས་སམ་བསྐྱེད་རྫོགས་གཉིས་ལས་སྣང་ཕྱོགས་ལྷའི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་ལམ་བྱེད་གཙོ་བོར་བྱེད་པའི་ལམ་ནི་མ་ཧའི་ལམ་གྱི་མཚན་ཉིད། སྣང་ཕྱོགས་བསྐྱེད་པའི་ལམ་དེ་གཙོ་བོར་སྟོན་པའི་རྒྱུད་ནི་མ་ཧ་ཡོ་གའི་རྒྱུད་ཀྱི་མཚན་ཉིད་ཡིན་ནོ། །མ་ཧ་འདིས་ནི་བསྐྱེད་རིམ་མ་ཟད་རྫོགས་རིམ་དུས་སུ་ཡང་བཅོས་མ་བསྐྱེད་རིམ་གྱིས་ཁོག་བཟུང་བའི་ལམ་དང་སྟོན་པའི་རྒྱུད་ཡིན་ནོ། །གཉིས་པ་ཨ་ནུ་ལ། སྣང་སྟོང་གཉིས་སམ་དོན་དམ་བསྐྱེད་རྫོགས་གཉིས་ལས། སྟོང་ཕྱོགས་དབྱིངས་ཡེའམ་བདེ་སྟོང་གི་རྣལ་འབྱོར་རྫོགས་རིམ་གཙོ་བོར་བྱེད་པའི་ལམ་ནི་ཨ་ནུ་ཡོ་གའི་ལམ་གྱི་མཚན་ཉིད་དང་ལམ་བདེ་སྟོང་གི་ཡེ་ཤེས་དེ་གཙོ་བོར་སྟོན་པའི་རྒྱུད་ནི་ཨ་ནུ་ཡོ་གའི་རྒྱུད་ཀྱི་མཚན་ཉིད་ཡིན་ནོ། །རྫོགས་རིམ་རང་དུས་མ་ཟད་དང་པོ་བསྐྱེད་རིམ་"དུས་ནས་"ཁོག་རྫོགས་རིམ་གྱི་བཟུང་ནས་བསྒོམ་པའི་ལམ་དང་སྟོན་པའི་རྒྱུད་ཡིན་ནོ། །གསུམ་པ་ཨ་ཏི་ལ། སྣང་སྟོང་གི་ཕྱོགས་གཉིས་སམ་དག་པའི་དམིགས་རྣམས་ལམ་དུ་བྱེད་པའི་ཆ་འདྲའི་བསྐྱེད་རིམ་དང་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་རྩོལ་བཅས་ཀྱི་རྫོགས་རིམ་དེ་གཉིས་ཀྱི་ཕྱོགས་གང་ཡང་རྩལ་འདོན་གྱི་འབད་རྩོལ་མི་བྱེད་པར་རང་བབ་ངང་བཞག་གི་རྣལ་འབྱོར་ཁོ་ནར་གཅིག་ཏུ་དྲིལ་བའི་ལམ་ནི་ཨ་ཏིའི་ལམ་གྱི་མཚན་ཉིད། ལམ་དེ་གཙོ་བོར་སྟོན་པའི་རྒྱུད། ཨ་ཏིའི་རྒྱུད་ཀྱི་མཚན་ཉིད་ཡིན། རྣལ་འབྱོར་ཆེན་པོ་ཕ་རྒྱུད་སོགས། ཞུ་བདེ་བསྐྱེད། ནང་རྒྱུད་གསུམ་པོ་འདིར་གཞི་འཁོར་བའི་རང་བཞིན་སྡུག་ཀུན་གཉིས་པོ་འབྲས་བུ་རྣམ་བྱང་གི་བདེན་པ་འགོགས་ལམ་གྱི་ངོ་བོར་ལམ་དུ་བྱས་ཏེ་འབྲས་བུ་སངས་རྒྱས་ཀྱི་སྐུ་ཐུགས་ཀྱི་ངོ་བོར་ད་ལྟ་ནས་བསྒྲུབ་པར་བྱེད་པ་ཡིན་པས་ན། མ་ཧའི་ནི་རིམ་པ་དང་པོ་སྐབས་སུ་ལྷ་"སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བྱེད་བདག་ལྟས་དང་གཞན་ལྟས་ཀྱི་བསྐྱེད་པ་དང་མངོན་བྱང་ལྔ་དང་རྡོ་རྗེ་ཆོ་ག་གསུམ་བསྐྱེད་ཀྱི་"བསྐྱེད་ཆོག་རྒྱས་པ་ལ་བརྟེན་ནས་གཙོ་བོར་བསྒོམ་པ་དང་། རིམ་པ་གཉིས་པ་རྫོགས་རིམ་གྱི་སྐབས་སུ་མི་རྟོག་གསལ་བའི་ཡེ་ཤེས་སམ་སྟོང་པ་ཕྱག་རྒྱའི་ཡེ་ཤེས་བསྐྱེད་པའི་ཕྱིར་དུ་ལས་རླུང་དབུ་མར་སྡུད་པའི་ལམ་གཙོ་བོར་བྱས་ཏེ་རླུང་ལ་གཙོ་བོར་གནད་དུ་བསྣུན་པ་ཕ་རྒྱུད་དེ། དེའང་དང་པོ་བསྐྱེད་རིམ་གྱིས་ལུས་ཀྱི་རྩ་དག་སྨིན་དུ་བྱས་པས་འདིར་རླུང་ལ་གནད་དུ་བསྣུན་ཏེ་རོ་རྐྱང་གི་རྒྱུ་བའི་ལས་རླུང་དག་པ་རྩ་དབུ་མར་གཞུགས་ནས་དབུ་མའི་ནང་གི་རླུང་ཡེ་རླུང་ངམ་སྲོག་རླུང་ཁ་དོག་ལྔ་པ་ཅན་དེར་གྱུར་ཞིང་ཡེ་རླུང་རྒྱས་པ་ན་དེའི་བསྒྲུབ་གཞི་བྱས་པས་དག་པའི་སྐུའམ་སྒྱུ་ལུས་ཀྱི་བསྒྲུབ་པར་བྱའོ་སྙམ་དུ་དཔེའི་འོད་གསལ་རྐྱེན་རྒྱུ་བྱས་རླུང་དེ་ཉེར་ལེན་གྱི་རྒྱུ་རུ་བྱས་ནས་མ་དག་སྒྱུ་ལུས་ནས་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་པར་བྱེད་པ་ཡིན་པས་ན་བསྐྱེད་རིམ་མ་ཟད་རྫོགས་རིམ་ཡང་སྐུ་བསྒྲུབ་བྱེད་གཙོ་བོར་བྱས་ནས་བསྒོམ་པའི་ལམ་ཡིན་ནོ། །ཨ་ནུ་ནི། རིམ་པ་དང་པོའི་སྐབས་སུ་བསྐྱེད་ཆོག་བསྡུས་པ་ཏིང་འཛིན་རྣམ་གསུམ་རིམ་པར་བསྐྱེད་པ་མེད་པར་བསྐྱེད། ཨེ་དང་ཧཱུྃ་ལྟ་བུའི་སྲོག་སྔགས་བརྗོད་ཙམ་གྱི་གཙོ་འཁོར་གྱི་ལྷ་ཡོངས་རྫོགས་གྲོང་རེའམ་ཚང་བར་གསལ་ཏེ་རིམ་པ་གཉིས་པར་རང་ལུས་ཐབས་ལྡན་ལ་བརྟེན་ནས་ལམ་ཁོག་གཞན་ལུས་ཐབས་ལྡན་ལ་བརྟེན་པའི་ལམ་གཙོ་བོར་བྱས་ཏེ་དགའ་བཞིའི་ཡེ་ཤེས་བསྐྱེད་པ་མ་རྒྱུད་ཡིན། "དེ་གཉིས་ཀྱི་སྐབས་སུ་གནད་དུ་བསྣུན་ཡུལ་གཙོ་བོར་ལུས་སམ་རྩ་ཐིག་རླུང་གསུམ་ཡིན་ལ་ཨ་ཏའི་སྐབས་སུ་ནི་རྟེན་དེར་བརྟེན་པའི་བརྟེན་པ་ཡེ་ཤེས་ལ་གནད་དུ་བསྣུན་པས་སེམས་ལམ་གཙོ་བོར་བྱེད་པ་ཡིན་པས་"ཨ་ཏི་ནི་བྱར་མེད་ཅེས་པ་"མ་ཧའི་ཨ་ཏི་གསང་སྙིང་གྲོལ་ལམ་ལྟ་བུ་ལ་སྦྱར་ན་"བསྐྱེད་རྫོགས་ཀྱི་སྤྲོས་པ་གང་ལའང་གཙོ་བོར་མི་ལྟོས་པའམ་མི་བརྟེན་པར་གཏན་ཚིགས་ལྟ་བུའི་བླ་མས་ལྟ་བའི་ངོ་སྤྲད་ཀྱི་གདམས་པ་དེ་ལ་གཙོ་བོར་བྱས་ཏེ་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བའི་རང་བཞིན་ཅན་དང་། འཛིན་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་ལྷག་པའི་བདེ་ཆེན་གཉིས་དབྱེར་མེད་པའི་ལྟ་བ་གཅིག་དང་དུ་མ་སོགས་མཚན་འཛིན་དང་བྲལ་བའི་ཡེ་ཤེས་གཙོ་བོར་བྱེད་པའི། ལམ་གཉིས་མེད་རྒྱུད་ཀྱི་ལམ་དང་རྒྱུད་ཡིན་ནོ། །ཤིན༷་ཏུ༷་རྣལ་འབྱོར་སོགས་ཏེ་"བྱར་མེད་"ཤིན་ཏུ་རྣལ་འབྱོར་ནི་རྫོགས་ཆེན་གཉིས་མེད་རྒྱུད་ཡིན་ཏེ། "བྱུང་ཆོས་རྩལ་རོལ་ལ་མི་བལྟ་བར་བྱུང་གཞི་རང་བྱུང་གི་ཡེ་ཤེས་ཉིད་ལ་རྩལ་འདོན་བྱས་ནས་ལམ་དུ་བྱེད་པ་ཡིན་དེ་ལ་"སྐུ་བསྒྲུབ་བྱེད་ལྷུན་གྲུབ་"སྣང་ཆ་ཡིན་པའི་"གསལ་བའི་ཡེ་ཤེས་དང་། ཐུགས་སྒྱུ་བྱེད་"ལམ་རིགས་གཉིས་ཀྱི་དགག་བྱའི་"ཀ་དག་སྟོང་པའི་ཡེ་ཤེས་"སམ་སྐུ་ཐུགས་"གཉིས་དབྱེར་མེད་ཟུང་འཇུག་ཏུ་བཞུགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་གཏན་ལ་འབེབ་པ་ཡིན་པ་ལ་སེམས་ཀློང་མན་ངག་སྡེ་རྣམས་འདྲ་ཡང་། "འབེབ་ཚུལ་ལ་"ཁྲེགས་ཆོད་སྟོང་པའི་ཡེ་ཤེས་མངོན་དུ་བྱེད་པའི་ལམ་ལ་ཡེ་ཤེས་དེའི་"སྣང་ཆ་མིན་པར་ཡེ་ཤེས་ཀྱི་གསལ་ཆ་"སྣང་ཕྱོགས་གཙོ་བོར་བྱས་ནས་མངོན་དུ་བྱེད་པའི་སེམས་སྡེ་"འི་ལམ་དང་"དང་། "ཡེ་ཤེས་དེའི་"སྟོང་ཕྱོགས་གཙོ་བོར་བྱས་ནས་མངོན་དུ་བྱེད་པ་ཀློང་སྡེ་"འི་ལམ་"དང་། "ཕྱོགས་རེ་བ་གཙོ་བོར་བྱེད་པ་མ་ཡིན་པར་"སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཉིད་མངོན་དུ་བྱེད་པའི་ལམ་མན་ངག་སྡེའི་ལམ་སྟེ། ཀ་དག་ཁྲེགས་ཆོད་ཀྱི་ལམ་ལ་ལྟོས་པའི་སེམས་ཀློང་མན་ངག་སྡེ་གསུམ་དུ་དབྱེ། "ཀ་དག་ཡེ་ཤེས་ཀྱི་སྣང་ཆ་དག་པའི་དབྱིངས་ཐིག་རྟེན་བརྟེན་པའི་ཆོས་"ལྷུན་གྲུབ།"ཏུ་ཡོད་པའི་ཐབས་" ཐོད་རྒལ་ལམ་བྱེད་ལ་མི་འདྲ་བཞི་ལས་སྐྱེ་བ་གཞན་གྱི་སྐྱེ་བ་བརྒྱུད་ནས་ཐོད་རྒལ་ཀྱི་ལམ་མཐར་ཕྱིན་ནས་སངས་རྒྱས་པའི་ལམ་གི་ཕྱི་སྐོར་ལུས་ལྟ་བུ། སྐྱེ་བ་བརྒྱུད་ཡི་དགོས་པར་ཆོས་ཉིད་བར་དོ་ལ་ཐོད་རྒལ་མཐར་ཕྱིན་པའི་སངས་རྒྱས་པ་ནང་སྐོར་དབང་པོ་ལྟ་བུ་ཤི་མི་དགོས་པར་ཚེ་འདིར་སྣང་བཞི་རིམ་བསྒྲོད་ཀྱི་ཐོད་རྒལ་མཐར་ཕྱིན་པའི་སངས་རྒྱས་པའི་གསང་སྐོར་སྙིང་ལྟ་བུ། ཚེ་འདིར་སྣང་བཞི་རིམ་པར་བསྒྲོད་མི་དགོས་པར་ཅིག་ཆར་དུ་བསྒྲོད་ནས་མྱུར་བར་མཐར་ཕྱིན་ནས་སངས་རྒྱས་པའི་ལམ་ཡང་གསང་སྙིང་ཐོགས་གནད་དུ་ཕོག་པའི་མེ་བཙའ་ལྟ་བུ་སྟེ་སྐོར་བཞི་དབྱེ་བའོ། །དེ་ལྟ་བུའི་སྡེ་བ་"དེ་དག་"གང་གི་ལུགས་སྨིན་ཀྱང་སྤྱིར་ཀ་དག་སྟོང་པའི་ཡེ་ཤེས་དེ་མངོན་དུ་བྱེད་དགོས་པའམ་བྱེད་པ་"ཡིན་པར་"ཙམ་ལ་འདྲ་བ་ཡིན་པས་ཕྲ་བ་གཉུག་མའི་སེམས་ངོ་བོ་སྟོང་བ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་གསུམ་གྱི་བདག་ཉིད་ཅན་དེ་ཉིད་ཀྱི་ངོ་བོ་རིགས་པའི་དགག་བྱ་བདེན་པར་གྲུབ་པའི་གཅིག་དང་། བདེན་པར་གྲུབ་པའི་དུ་མ་དང་བྲལ་བའི་སྟོང་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་ལམ་ཀྱི་དགག་བྱ་"འཁྲུལ་ངོར་གཅིག་དང་ཐ་དད་དུ་སྣང་བའི་ཡུལ་ཅན་"འཁྲུལ་བ་"དང་"་འཁྲུལ་"བ་དེའི་"སྣང་"བ་སྣོད་བཅུད་སྣ་ཚོགས་དག་"གི་ཆོས་གཅིག་དང་དུ་མའི་རང་བཞིན་དུ་"འམ་ཆོས་སུ་སྟོང་པའི་ཡེ་ཤེས་རང་"མ་གྲུབ་པའི་སྤྲོས་པའི་ཆོས་ཀྱི་མཚན་མའི་ཕྱོགས་ཀྱི་ཡེ་ནས་སྟོང་པའི་དབྱིངས་དེ་ལས་མ་གཡོས་པའི་"རྨོངས་པའི་མུན་པ་བྲལ་བའི་འོད་"གསལ་བའི་རིག་པ་ཉིད་དབྱིངས་ཀྱི་ཀློང་ཆེན་པོ་ཉིད་དུ་དབྱེར་མེད་དུ་གྱུར་པའི་ངང་ལ་རང་བབ་དུ་བཞག་སྟེ་སྦྱོར་བའམ་སྤྱོད་ཅིང་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟ་བུའི་ནང་རྒྱུད་གསུམ་པོ་རེ་རེ་ལ་གསུམ་གསུམ་དགུར་དབྱེ་བ་ཡོད། འདིར་སྡོམ་གསུམ་ཟུར་བཀོད་ལས་མ་ཧ་ཨ་ནུ་ཨ་ཏི་གསུམ་ལ་སྐོར་དགུར་"དབྱེ་ཚུལ་"པ་ཟུར་ན་ཡོད། །ཞུན་མར་འདོད་པ་བཞིན་ཐད། ཨ་ཏི་ཡོ་ག་ལས། གསང་སྔགས་དབང༴། སོགས་ཞེས་དང་། རྣམ་སྣང་མངོན་སྦྱང་ལས། དབང་མེད་པ་༴། ཞེས་སོ། །དེར་མ་ཟད་སློབ་དཔོན་ལ་གསང་སྒྲོགས་འབྱུང་བ་ཡང་དུས་འཁོར་ལས། དབང་བསྐུར་མེད༴། ཅེས་དང་། བསྡུས་རྒྱུད་ལས། གང་ཞིག་རྒྱུད༴། ཅེས་གསུངས་པས་འཆད་ཉན་༴། སོགས། ཐོབ་པར་བཤད་ཐད། གུ་ཧྱ་གརྦྷ་ལས། དབུ་རྒྱན་ཅོད་པན་༴། ཞེས་དང་། གདན་བཞིའི་བཤད་རྒྱུད་ལས། མཚན་མེད་ལྔ་༴། ཞེས་དང་། གསང་བ་མཛོད་ལས། དབུ་མར་ཡན་ལག་༴། ཅེས་དང་། ས་བཅུ་ནོན་ཚུལ་ཡང་། གསང་འདུས་ལས། དབུ་མར་པས་ནི་ས་བཅུ་ནོན་ཞེས་སོ། །གཡང་སར་ལུགས་ཐད། རྒྱུད་ལས། དཀོན་མཆོག་དཀོར་༴། ཞེས་དང་། དུས་འཁོར་ལས། དད་ལྡན་གཅིག༴། ཅེས་སོ། །གཞན་ཡང་མ་དག་སྣང་ངོར་ཕྱི་རྟགས་ཀྱང་དངོས་གྲུབ་གེགས་སུ་འགྱུར་བའི་བསྟན་རྩ་འདུལ་བར་དགོངས་ནས། དུས་འཁོར་བསྡུས་རྒྱུད་ལས། རྟེན་ནི་གསུམ་༴། ཞེས་གསུངས་སོ། །སྒྱུ་འཕྲུལ་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་བརྩོན། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་ལྡན་ལས། དང་པོ་ནི་ནང་རྒྱུད་ཡོ་ག་གསུམ་གྱི་དོན་ལ་མཁས་པས་ན། ལྟ་བའི་མཛོད་ཨ་ཏི་ལ་མཁས་པ། ཏིང་འཛིན་གྱི་མཛོད་ཨ་ནུ་ལ་མཁས་པ། སྤྱོད་པའི་མཛོད་མ་ཧ་ལ་མཁས་པ་སྟེ་མཛོད་གསུམ་དང་ལྡན་པ། ཕན་པ་ཟབ་མོའི་དབང་ཐོབ་པའི་དབང་གི་ཆུ་བོ་རྫོགས་པ། གསང་སྔགས་ལ་བབ་བཅོལ་དུ་མི་སྤྱོད་པའི་བླ་མས་གསང་གཉེར་གཏད་པ་ལྟར་གཉེར་ཐུབ་པའམ། ཡང་ན་སྣོད་ལྡན་ཡལ་བར་མི་འདོར་བའི་དོན་གཉེར་དང་ལྡན་པའོ། །རྒྱུད་དོན་དངོས་པོ་བཅུའི་དོན་ལ་མཁས་པས་སློབ་མའི་ཤེས་རྒྱུད་གྲོལ་ནུས་པའོ། །དངོས་པོ་བཅུ་ནི། ལྟ་བ། སྤྱོད་པ། དཀྱིལ་འཁོར། དབང་། དམ་ཚིག །ཕྲིན་ལས་བསྒྲུབ་པ་དང་། ཏིང་འཛིན། མཆོད་པ། སྔགས་ཕྱག་རྒྱ། ཕྱི་མ་གཉིས་བསྡོམ་བཅུ་རུ་འགྱུར་ཞེས་སོ། །དཀྱིལ་འཁོར་གྱི་ལས་རིམ། དབང་གི་ལས་རིམ། ཞི་རྒྱས་སོགས་ལས་ཚོགས་བསྒྲུབ་པའི་མཐའ་ལ་མ་རྨོངས་པ། སྙན་རྒྱུད་ཀྱི་མན་ངག་འཆང་བའམ་ཉམས་མྱོང་ལྡན་པའི་མན་ངག་གི་གདེངས་ཐོབ་པ་སྟེ། སྔ་མ་མཛོད་གསུམ་པ་སོ་སོར་གསུམ་དུ་བསྒྲངས་བས་རང་བཞིན་བརྒྱད་གྱི་བླ་མ་ཞིག་དགོས་པར་བསྟན་པ་དང་། འདིར་དངོས་ཟིན་གྱི་བླ་མའི་མཚན་ཉིད་ལ་ཕྱི་ནང་གི་དེ་ཉིད་བཅུ་ལྡན་དགོས་པར་བསྟན་པས། བླ་མ་ཡིས་ཐད། དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་རྒྱུད་ལས། ཕྱིར་བཟློག་གཉིས་༴། སོགས་ཞེས་གསུངས་པ་སྔགས་ཕྱི་ནང་གི་རྒྱུད་ཀྱི་དབུར་མའི་སློབ་དཔོན་གྱི་ཡོན་ཏན་གྱི་དེ་ཉིད་བཅུ་"འམ་མཚན་ཉིད་བཅུ་"་གསུངས་ལ་དང་པོ་ཕྱིར་བཟློག་གཉིས་ནི། ཁྲོ་བོའི་བསྲུང་འཁོར་བསྒོམ་པས་དང་། བྲིས་པས་འདོགས་པས་བཟློག་པའོ། །གསང་དབང་སྔ་མ་བུམ་དབང་དང་ཤེར་དབང་གིས་ཕྱི་མ་ཚིག་དབང་མཚོན་ནུས་པས་དབང་བཞི་ལ་མཁས་པའོ། །ཞིང་བཅུ་ཚང་བ་མགོན་སྐྱབས་ཀྱི་ལྷ་དབྱེའི་སྒོ་ནས་བསྒྲལ་བའི་ཁ་སྦྱོར་འབྱེད་པར་མཁས་པ་ཕྱོགས་སྐྱོང་བཅུ་ལ་གཏོར་མ་གཏོང་ཚུལ་དང་། རླུང་འབྱུང་འཇུགས་གནས་གསུམ་འབྲས་བུ་གསུམ་རྡོ་རྗེའི་བཟླས་པར་མཁས་པའི་སྔགས་ཀྱི་དེ་ཉིད་དང་། ལྷ་ཅི་བཞིན་བསྒྲུབ་ཀྱང་མ་ཁོལ་ན་དྲག་ཤུལ་ཀྱི་སྦྱོར་བའི་གཞིར་ནས་དམ་དུ་ཉེ་བར་བྱེད་ཤེས་པ། སྐུ་གསུང་ཐུགས་རྟེན་རིགས་ཀྱི་ལྷར་བསྐྱེད་"ཡེ་ཤེས་པ་"དྲངས་"ནས་དམ་ཚིག་པར་"བསྟིམ་གསུམ་གྱི་མཐར་"གནས་བསྒྱུར་བམའ་"ཞལ་བསྒྱུར་ཏེ་ལྷ་དེ་འོད་དུ་ཞུ་ནས་རྟེན་དེར་གྱུར་ནས་གདུལ་བྱའི་ཞིང་དུ་ཇི་སྲིད་མ་ཞིག་བར་དུ་རྒྱུན་མར་རབ་ཏུ་གནས་པར་བྱེད་ཚུལ་དང་། བསྙེན་སྒྲུབ་བཞིའི་དཀྱིལ་འཁོར་བསྒྲུབ་ཚུལ་རང་གཞུང་ལྟར་ནང་སྤྱན་ཚུད་པ་སྟེ།

No comments:

Post a Comment