Wednesday 26 November 2014

དགོངས་ལྡེམ་དགོངས་ལ་སོགས་པའི་སྐོར། གསུང་འབུམ་ཚུལ་ཁྲིམས་རིན་ཆེན་ནས་དྲངས།

ཀྃ༽ །དང་པོ་"དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར་དགོངས་ལྡེམ་གཉིས་བཤད་ཅེས་པའི་ཐད་"དགོང་པ་བཞི་ལས། མཉམ་པ་ཉིད་ལ་དགོངས་པ་སངས་རྒྱས་རྣམས་ཏུ་ཚོགས་གཉིས་"བསགས་པ་"དང་འབྲས་བུ་སྐུ་གཉིས་"ཐོབ་པ་དང་གཞན་དོན་དུ་"ཕྲིན་ལས་"མངའ་བ་ལ་མཉམ་པ་"དང་བཅས་པ་ལ་"དགོངས་གཞི"མཉམ་པ་"ཉིད་གསུམ་"ཡིན་པ་ལ་བསམས་ཤིང་དགོངས་ནས་"ཚིག་གི་འཁྱོགས་པོ་ང་དེའི་དུས་སུ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་"སངས་རྒྱས་རྣམས་གཅིག་"མིན་པ་ལ་གཅིག་"ཏུ་བསྟན་པ་ལྟ་བུའི་མདོ་དང་། 
"སྒྲས་དངོས་ཟིན་གྱི་དོན་དེ་ལས་"དོན་གཞན་"ལ་དགོངས་པ་ནི་རྟེན་འབྲེལ་དང་ཚོར་བའི་རྟེན་འབྲེལ་དང་ལེན་པའི་རྟེན་འབྲེལ་"འདུ་ཤེས་དང་"ཚིག་འཁྱོགས་པོ་ཕ་མས་མིང་གིས་བསྟན་པའི་"སྲེད་"དེ་སྲིད་པའི་རྟེན་འབྲེལ་གྱི་བུ་ཆུང་དུ་བསྒྱུར་བྱེད་ནི་"ལེན་ལ་ཕ་མར་བསྟན"པའི་གསོད་ཅིང་སྤང་དགོས་པར་བསྟན་"། རྣམ་ཤེས་"ཀྱི་རྟེན་འབྲེལ་ལ་ལ་"ལ་རྒྱལ་པོར་"རྒྱལ་པོ་སྡེ་འབངས་ཀུན་གྱིས་རྟེན་གཞིན་ཡིན་པ་ལྟར་རྣམ་ཤེས་བག་ཆགས་ཐམས་ཅད་ཀྱི་རྟེན་ཡིན། ཡང་ན་རྒྱལ་པོ་ང་རྒྱལ་ཆེ་བ་ལྟར་རྣམ་ཤེས་ང་རྒྱལ་དང་མཚུངས་ལྡན་ཡིན་པའི་དེ་བཅོས་སམ་སྤང་དགོས་པར་བསྟན་"བསྟན། "ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་"མཆོག་འཛིན་གཉིས་ལ་"བྲམ་ཟེ་"གཙང་སྒྲ་ཅན་གཉིས་"ཀྱི་མིང་གིས་བསྟན་པ་"དང་། "མིག་ནས་ཡིད་ཀྱི་བར་"ནང་གི་སྐྱེ་མཆེད་"མིག་"དང་"གཟུགས་ནས་ཆོས་ཁམས་བར་"ཕྱིའི་སྐྱེ་མཆེད་"དྲུག་སྟེ་"གཉིས་ལ་"རིམ་པར་"འཁོར་དང་ཡུལ་འཁོར་ཞེས་"པའི་མིང་གིས་བསྟན་པས་"དེ་ལྟ་བུའི་རྟེན་འབྲེལ་གཉེན་པོས་བཅོམ་"པར་བྱས་"ན་གྲོལ་བར་"ཐར་པའི་གོ་འཕང་ཐོབ་པ་"བསྟན་ཏེ། མདོ་ལས། ཕ་དང་མ་གཉིས་བསད་བྱ་ཞིང་། །རྒྱལ་པོ་གཙང་སྒྲ་ཅན་གཉིས་ཆོམས། །འཁོར་དང་ཡུལ་འཁོར་བཅོམ་བྱས་ན། །མི་དེ་དག་པ་"ཐར་པ་"ཉིད་དུ་འགྱུར། །ཞེས་པ་ལྟ་བུ་དང་། དུས་གཞན་ལ་དགོངས་པ་བདེ་བ་ཅན་དུ་སྨོན་ལམ་བཏབ་ཙ་ནས་སྐྱེ་བར་བསྟན་པ་ལྟ་བུ་"སྨོན་ལམ་གཙོ་བོར་བྱས་པས་རྒྱུ་བཞི་ཀ་ཚང་ན་དུས་གཞན་ཤི་བའི་ཚེ་ན་སྐྱེ་བ་དགོངས་པ་"དང་། གང་ཟག་གི་བསམ་པ་ལ་དགོངས་པ་ནི་སྦྱིན་པ་ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་པའི་གདུལ་བྱར་"གང་ཟག་དེའི་སྦྱིན་པས་དམན་པ་དང་འཕགས་པའི་ཚུལ་ཁྲིམས་མཆོག་ཡིན་པ་ལ་དགོངས་ནས་ཚིག་འཁྱོགས་པོའི་སྦྱིན་པ་ནི་ཆུང་ངུ་མ་ཟད་"སྦྱིན་པ་ཆེ་བ་ལའང་སྨད་ལ། ཚུལ་ཁྲིམས་"ཆེན་པོ་མ་ཟད་"ཆུང་ངུ་ལའང་"ཚོགས་རྒྱ་ཆེན་པོ་བསགས་ཞེས་"བསྔགས་པ་བརྗོད་པ་ལྟ་བུའོ། །བཞིའོ། །གཉིས་པ་ལྡེམ་དགོངས་བཞི་ལས། ཞུགས་པ་ལྡེམ་དགོངས་མུ་སྟེགས་ཅན་ལ་གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་"དགོས་པ་ནང་པའི་བསྟན་པ་ཞུགས་ཆེད་དུ་དགོངས་པ་ཐ་སྙད་དུ་སྣང་ཙམ་གྱི་བདག་མེད་གང་ཟག་ཡོད་པ་ལ་དགོངས་ནས་ངག་འཁྱོགས་པོ་བདག་ཡོད་པར་བསྟན་པ་"ལྟ་བུ། མཚན་ཉིད་ལྡེམ་དགོངས་སེམས་ཅན་ཙམ་ལྟ་བུ་ལ་"དགོས་པ་དབུ་མའི་གྲུབ་མཐའ་ལ་ཞུགས་ཆེད་དུ་དགོངས་པ་དབུ་མའི་ལུགས་ཀྱི་གསུམ་ཐ་སྙད་དུ་ཡོད་པ་ལ་དགོངས་ནས་ངག་འཁྱོགས་པོས་"མཚན་ཉིད་གསུམ་ལ་"གཞན་ཡོང་གཉིས་"བདེན་པར་གྲུབ་"ཀུན་བཏགས་"མ་གྲུབ་"ཅེས་"སོ་སོར་བསྟན་པ་ལྟ་བུའི་མདོ་དང་། གཉེན་པོ་ལྡེམ་དགོངས་ནི། མདོ་རྒྱན་ལས། སངས་རྒྱས་ཆོས་ལ་བརྙེས་པ་དང་། །ལེ་ལོ་ཅུང་ཟད་མཆོག་འཛིན་དང་། །"མ་དག་པའི་ལོངས་སྤྱོད་ལྡན་པའི་"ང་རྒྱལ་"ཟག་བཅས་ཀྱི་དངོས་པོ་ལ་"འདོད་ཆགས་སྤྱོད་པ་དང་། །"ཕ་བསད་པ་སོགས་"འགྱོད་དང་"ཐེག་ཆེན་དུ་རིགས་"མ་ངེས་"པ་དམན་ལམ་དུ་"ལྡོག་པ་"སྡེ་བརྒྱད་པོ་"ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེའི་གཉེན་པོ་ཐེག་མཆོག་གསུངས། །ཞེས་པ་ལྟར། སྒྲིབ་པ་བརྒྱད་ཀྱི་གཉེན་པོ་ལས། སངས་རྒྱས་ལ་"རྣམ་གཟིགས་སོགས་སྐུ་བོང་ཆེ་ལ་སྐུ་ཚེ་རིང་པོ་འོད་དག་པ་སོགས་ཀྱི་"བཟང་ངན་དུ་བལྟས་ཏེ་"ཤཱཀ་ཐུབ་ལ་དམན་སེམས་ཀྱི་མ་དད་པར་"བརྙས་པའི་གཉེན་པོ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྟན་པ་"དགོངས་པ་ཚོགས་བསགས་སོགས་མཉམ་པ་ཉིད་གསུམ་ལ་དགོངས་ནས་དགོས་པ་སངས་རྒྱས་ལ་བརྙས་པ་དེ་བཟློག་ནས་བསྟན་པར་ཞུགས་པའི་ཆེད་དུ་ངག་འཁྱོགས་པོས་སངས་རྒྱས་ཐམས་ཅད་གཅིག་ཡིན་པར་བསྟན་པ་"ལྟ་བུ་དང་། "དམ་པའི་ཆོས་འདི་རྙེད་སླ་ནི་ཡིན་ཀྱང་"ཆོས་ལ་བརྙེས་པའི་"གནས་"གཉེན་པོ་"ཆོས་ཐོས་པ་ལ་སངས་རྒྱས་ལ་མཆོད་པ་ཙམ་སྔོན་དུ་འགྲོ་དགོས་པ་ལ་དགོངས་ནས་དགོས་པ་ཆོས་ལ་བརྙས་པ་བཟློག་ཆེད་དུ་ངག་འཁྱོགས་པོས་"གྲངས་མེད་མང་པོ་ལ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་ན། གཟོད་ཐེག་ཆེན་གྱི་ཆོས་"ཚིག་གཅིག་ཙམ་"ཐོས་པར་གསུང་པ་ལྟ་བུ་དང་། "དགེ་བ་ལ་སྤྲོ་བའི་སྙོམ་ལས་སོགས་ལེ་ལོ་ཅན་ལ་དགོངས་པ་"ལེ་ལོའི་གཉེན་པོ་"ལ་དགོངས་པ་"དུས་གཞན་ལ་དགོངས་ཏེ་"མི་འཁྲུགས་པའི་གཟུངས་སྔགས་བཀླག་པ་ཙམ་གྱིས་སངས་རྒྱས་སོ་ཞེས་པའམ་བདེ་བ་ཅན་ལྟ་བུ་ལ་"སྨོན་པ་ཙམ་ནས་འབྲས་བུ་འབྱིན་པར་བསྟན་པ་ལྟ་བུ"ངག་འཁྱོགས་པོའི་ལྡེམ་དགོངས་"། སྦྱིན་པ་ཅུང་ཟད་ཙམ་གྱི་ཆོག་པར་འཛིན་པ་"འི་གང་ཟག་གང་གི་ངོ་"ལ་"དགོས་པ་དེ་སེལ་བའི་ཆེད་དུ་དགོངས་པ་དེའི་བསམ་ངོས་སྦྱིན་པ་དེ་དམན་པ་དང་། འཕགས་པ་ལྟ་བུའི་ཚུལ་ཁྲིམས་དེ་ལས་མཆོག་ཏུ་ཡོད་པར་དགོངས་ནས་ངག་འཁྱོགས་པོས་སྤྱིར་སྦྱིན་པ་"དེར་སྨད་ཚུལ་ཁྲིམས་བསྔགས་པ་ལྟ་བུའི་གང་ཟག་གང་གི་བསམ་པ་ལ་དགོངས་པ་ལྟ་བུ་དང་། "མ་དག་པའི་ཞིང་གི་འབྱོར་བ་ལྡན་པས་ང་རྒྱལ་ཅན་ལ་དགོས་པ་"ང་རྒྱལ་"དེ་ཉིད་"ཀྱི་གཉེན་པོར་"དགོངས་པ་སངས་རྒྱས་ཀྱི་ཞིང་གི་ཆུ་ཤིང་གི་ཡོན་ཏན་སོགས་སེམས་ཅན་གྱིས་བློས་དཔག་མི་ནུས་པ་ཡོད་པ་ལ་དགོངས་ནས་ངག་་་་་་་་་་་་་་་་ཚིག་གིས་"སངས་རྒྱས་ཀྱི་ཞིང་གི་"ཆུ་ཤིང་སོགས་རེ་རེའི་"ཡོན་ཏན་སངས་རྒྱས་ཀྱིས་མཁྱེན་"པ་དང་བརྗོད་"མི་ནུས་པ་བརྗོད་པ་ལྟ་བུ་དང་། "ཟག་བཅས་ཀྱི་དངོས་པོ་ལ་ཆགས་ཅན་ལ་་དགོས་པ་"འདོད་ཆགས་ཀྱི་གཉེན་པོ་སངས་རྒྱས་ཀྱི་ཡོན་ཏན་སྒྲོ་བཏགས་ནས་"སངས་རྒྱས་རང་གིས་ཀྱང་རྟོགས་བརྗོད་མི་ནུས་ཞེས་"བརྗོད་པ་ལྟ་བུ། འགྱོད་པའི་གཉེན་པོར་ཕ་བསད་པ་ལ་ཉེས་པ་མེད་ཅེས་འགྱོད་པའི་ཉེས་པ་ཆུང་བར་བྱས་པ་ལ་ཉེས་པ་མེད་པར་བསྟན་པ་ལྟ་བུ་དང་། "ཐེག་ཆེན་ལ་"རིགས་མ་ངེས་པ་ཐེག་ཆེན་"ལས་དམན་ལམ་དུ་"ལྡོག་པའི་"ཉེན་ཡོད་པའི་"གཉེན་པོ་"ལ་དགོས་པ་མི་ལྡོག་པར་ཐེག་ཆེན་ལ་ཞུགས་པའི་ཆེད་དུ་དགོངས་པ་ཐེག་ཆེན་ལ་ཞུགས་ན་གྲངས་མེད་གསུམ་སོགས་ནི་ཞག་སངས་རྒྱས་དགོངས་ནས་དེ་ཉིད་གསལ་ཆེད་"ཐེག་པའི་ཡོན་ཏན་སྒྲོ་བཏགས་ནས་བསྟན་པ་ལྟ་བུའོ། ༼དམར་ཆན་དག་འོག་གི་ཤོག་ངོས་ཉེར་བཞི་ཆུང་བ་ཞེས་པ་ལས་ཡར་འཁུར་བ་ཡིན༽"བསྒྱུར་བ་ལྡེམ་དགོངས་ནི། འགྱོད་པའི་གཉེན་པོར་ཐད། སྔོན་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པ་སོགས་མཚམས་མེད་བྱས་པ་ལ་འགྱོད་པས་རིམ་པར་ཁྱིམ་དུ་བྱང་སེམས་ཉན་ཐོས་ལྷུང་ཟེད་དང་ལག་པ་འཁྲུ་བ་རྣམས་མཐོང་ནས་རྒྱལ་པོས་ཆོས་ཉན་ཆེད་དུ་མཇལ་མདུན་དུ་འཁོད་དེ་ངའི་འགྱོད་པ་བསལ་དུ་གསོལ་ཞུས་ཚེ། འཇམ་དཔལ་གྱིས་ཁྱེད་ཀྱི་འགྱོད་པ་སངས་རྒྱས་གངྒའི་བྱེ་མ་སྙེད་ཀྱི་ཀྱང་བསལ་མི་ནུས་གསུངས་པས་རྒྱལ་པོ་སར་འགྱེལ་བར་གྱུར། ཉན་ཐོས་འོད་སྲུང་གིས་སྨྲས་པ། འཇམ་དཔལ་ནི་ལྡེམ་པོའི་ངག་ལ་མཁས་པས། ཁྱོད་མ་འཇིགས་པར་དེའི་དོན་ཇི་ཡིན་དྲིས་དང་། གདོད་འགྱོད་པ་བསལ་ལོ་སྨྲས་པས། འཇམ་དཔལ་ལ་དྲིས་པས། ཕ་མ་བསད་པས་བདེ་འགྲོར་སྐྱེའོ་སོགས་དགོངས་གཞི་ལ་དགོངས་ཏེ་གསུང་པ་ལྟ་བུའོ" མདོ་ལས། སྙིང་པོ་མེད་ལ་སྙིང་པོ་ཤེས། །ཕྱིན་ཅི་ལོག་ལ་རབ་ཏུ་གནས། །ཉོན་མོངས་པས་ཀྱང་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས། སྙིང་པོ་མེད། རྣམ་གཡེང་དང་ཚུལ་འཆལ་ཡིན་ཏེ་གཉིས་མེད་པའི་བསམ་"གཏན་"ཚུལ་"ཁྲིམས་"གཉིས་སྙིང་པོར་བསྟན། "ལུས་"གཙང་"འཁོར་བ"བདེ་"འདུས་"རྟག་"ཆོས་"བདག་"ཏུ་ལྟ་བ་"བཞིའི་གཉེན་པོ་ལ་"ལོག་རྟོག་དེ་བཞི་ལས་"ཕྱིན་ཅི་ལོག་མི་རྟག་སྡུག་བསྔལ་སོགས་བཞི་ལ་གནས་པར་བསྟན། གཞན་དོན་དུ་"ཚོགས་གཉིས་ཀྱི་ཆོས་ལ་"དཀའ་བ་སྤྱད་པའི་བསོད་ནམས་ཚོགས་ལ་ཉོན་མོངས་པར་"བཏགས་ནས་"བསྟན་"ངལ་བས་ཚོགས་"དེ་རྫོགས་པའི་བྱང་ཆུབ་ཐོབ་པར་གསུངས་སོ། །དེ་ལྟ་བུའི་སྒྲ་ཇི་བཞིན་མིན་པའི་མདོ་རྣམས་ནི། དགོངས་"པ་དང་"ལྡེམ་གྱི་མདོ་ཡིན་དེའི་ཚུལ་ནི་དགོངས་ལྡེམ་དགོངས་གི་ཁྱད་པར་ནི། མདོ་གང་ཞིག །སྒྲས་ཟིན་གྱི་ཚིག་གིས་བསྟན་ཚོད་ཀྱི་དོན་དེ་ལས་དོན་གཞན་པ་"ཞིག་གི་"སྨྲ་བ་པོའི་"སངས་རྒྱས་རང་གི་"བསམ་པའི་"གཏད་སོ་"དགོངས་དོན་ཡོད་པ་"དེ་ཉིད་"གཙོ་བོར་སྟོན་པར་བྱེད་ཡིན་པའི་ཆ་ནས་བཞག་པའི་མདོ་དེ། དགོངས་པ་ཅན་གྱི་མདོ་དང་"ཡིན་པའི་མཚན་ཉིད་ཡིན་པ་"། མདོ་གང་ཞིག་"ཐུགས་ཀྱིས་གང་ལ་དགོངས་པའི་"དགོངས་གཞིའི་དོན་"ཇི་བཞིན་"སྟོན་བྱེད་ཀྱི་ཚིག་དེ་ལས་"འཁྱོགས་པོས་"ཚིག་གཞན་དུ་བསྒྱུར་ནས་བསྟན་པའི་དགོས་པ་ཉིད་གཙོ་བོར་སྟོན་བྱེད་ཡིན་པའི་ཆ་ནས་བཞག་པའི་མཚོན་ལྡེམ་དགོངས་ཅན་གྱི་མདོ་ཡིན། དེ་ལྟར་ན་མདོ་གཅིག་ཉིད་དགོངས་"པའི་མདོ་དང་"ལྡེམ་དགོངས་"ཀྱི་མདོ་"གཉིས་ཀ་སྟོན་པའི་མདོ་ཡིན་པ་ཡོད་པས་"ན་དགོངས་པའི་མདོ་དང་ལྡེམ་དགོངས་ཀྱི་མདོ་ངོ་བོ་གཅིག་ལ་ལྡོག་ཆའི་"དེ་གཉིས་ལྡོག་ཆའི་"དགོངས་ལྡེ་"ཐ་དད་དུ་ཕྱེས་ཙམ་ཡིན་ཏེ། "དགོངས་པའི་མདོ་དང་ལྡེམ་དགོངས་ཀྱི་མདོ་གཉིས་ཀ་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཁྱབ་"སྒྲ་ཇི་བཞིན་མིན་པར་སྟོན་པའི་མདོ་ཡིན་ན་"ནི་དགོངས་ལྡེམ་གྱི་མདོ་གང་ཡིན་ཀྱང་"དགོངས་གཞི་གང་ལ་དགོངས་ཏེ"གསུངས་པ་ཡིན་པ་དང་"། དགོས་པ་གང་གི་ཕྱིར་དུ་"གསུངས་པ་ཡིན་པའི་ཕྱིར་ན་"དེ་ལྟར་"དགོངས་གཞི་དང་དགོས་པ་"བསྟན་པའི་རྒྱུ་མཚན་གཉིས་དང་ལྡན་པའི་ཁྱབ་པའི་མདོ་ཡིན་པའི་ཕྱིར། དེས་ན་"དགོངས་གཞི་བསྟན་པའི་ཆ་ནས་དགོངས་པའི་མདོ་དང་། དགོས་པ་བསྟན་པའི་ཆ་ནས་ལྡེམ་དགོངས་ཀྱི་མདོ་གཉིས་སུ་བཞག་པས། དང་པོ་"དགོངས་པ་ཅན་གྱི་མདོ་ལ་བཞི་སྟེ་མདོ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གང་གི་བསམ་པ་ལ། །དགོངས་པ་རྣམ་པ་བཞི་ཞེས་བྱ། །ཞེས་པ་ལྟར། མཉམ་པ་ཉིད་ལ་དགོངས་པ་དང་། དོན་གཞན་ལ་དང་། དུས་གཞན་ལ་དང་། གདུལ་བྱའི་གང་ཟག་གང་གི་བསམ་པ་ལ་དགོངས་པའི་མདོ་བཞི་ལས། དང་པོ་ནི། ང་ནི་སྔོན་གྱི་དུས་སུ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་པ་ལྟ་བུའི་མདོ་དེ་སྒྲས་"དངོས་ཀྱི་"ཟིན་""ཚོད་ལ་ཤཀྱ་ཐུབ་པ་སངས་རྒྱས་རྣམ་གཟིགས་སུ་གྱུར་པར་བསྟན་ཀྱང་མདོ་"ཚིག་"དེའི་བརྗོད་བྱའི་གཙོ་བོ་མིན་པས"ན་བརྗོད་བྱའི་གཙོ་"དེ་སྨྲ་བ་པོའི་"སངས་རྒྱས་རང་ཉིད་ཀྱིས་"ཡིད་ཀྱི་བསམ་པའི་"ཐུགས་རྩེ་གཏད་པའི་"དགོངས་གཞིའམ་བསམ་པའི་དོན་ནི། སངས་རྒྱས་རྣམ་གཟིགས་དང་སྟོན་པ་"རྣམ་འདྲེན་བཞི་པ་"གཉིས་ཚོགས་བསགས་པ་དང་། "འབྲས་བུ་"ཆོས་སྐུ་"ཐོབ་པ་དང་"ཕྲིན་ལས་"མཛད་པ་"དང་བཅས་པའི་ཡོན་ཏན་"ཆེ་ཆུང་མང་ཉུང་འདྲ་བའམ་"མཉམ་པ་ཉིད་ཡིན་པའི་དོན་ལ་དགོངས་ནས། "དེ་ལྟར་བསྟན་པའི་"དགོས་པ་"ནི་"གདུལ་བྱ་"རང་རེ་"རྣམས་ཀྱི་སངས་རྒྱས་རྣམ་གཟིགས་ནི་སྐུ་བོང་ཆེ་བ་སྐུ་ཚེ་རིང་བ་འཁོར་དག་པ་སོགས་ཀྱི་སྐུ་བསོད་ཆེ་"བས་མཆོག་བཟང་བར་སེམས་"ལ། སྟོན་པ་ནི་དེ་ལས་ལྡོག་པས་སྐུ་བསོད་ཆུང་ངོ་སྙམ་པའི་བརྙས་པའམ་"སྟོན་པར་དམན་པར་སེམས་ཤིང་"དད་པ་སོགས་བཟློག་པའི་"དགོས་པ་དེའི་"ཆེད་དུ། སྟོན་པ་རྣམ་གཟིགས་དང་མཉམ་"ཞིང་གཅིག་ཡིན་"པར་བསྟན་པ་ལྟ་བུའོ། "ང་སྔོན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏེ་ཞེས་པས་མཉམ་པ་ཉིད་ལ་དགོངས་པའི་མདོ་གཅིག །དགོངས་པའི་ནད་དོན་གཞན་ལ་དགོངས་པ་དང་། ལྡེམ་དགོངས་ན་ཞུགས་པ་དང་གཉེན་པོ་དང་བསྒྱུར་བ་ལྡེམ་དགོངས་གསུམ་དང་གཞི་མཐུན་ཡིན་ལ་དུས་གཞན་དང་གང་ཟག་གང་གི་བསམ་པར་དགོངས་པ་གཉིས། མཚན་ཉིད་ལྡེམ་དགོངས་ཡང་མིནནོ། །དེའང་སྒྲ་ཇི་བཞིན་མིན་པའི་དགོངས་གཞི་མཉམ་པ་ཉིད་གསུམ་ལ་དགོངས་པའི་མདོ་ཡིན་པ་དེ། སངས་རྒྱས་ཐམས་ཅད་གཅིག་དུ་སྟོན་པ་དེའི་དགོངས་པའི་དོན་གཞན་མཉམ་པའི་དོན་ལ་དགོངས་པས་ན་དོན་གཞན་ལ་དགོངས་པའི་མདོ་ཡིན་པ་དང་། དགོས་པ་གཙོར་བྱེད་ཀྱི་སྟོན་པ་སངས་རྒྱས་ནི་རྣམ་གཟིགས་སོགས་ལས་སྐུ་བོང་ཆུང་སོགས་ཀྱི་དམན་པར་བརྙས་ཤིང་མ་དད་པ་བཟློག་བྱེད་ཀྱི་གཉེན་པོར་བྱེད་བའི་གཉེན་པོ་ལྡེམ་དགོངས་ཡིན། མ་དད་པ་སྤང་ནས་དད་ནས་སངས་རྒྱས་ཀྱི་བསྟན་པར་ཞུགས་པར་འགྱུར་བའི་ཞུགས་པ་ལྡེམ་དགོངས་ཡིན། དགོངས་གཞི་དེ་བརྗོད་བྱེད་ལས་སངས་རྒྱས་ཐམས་ཅད་གཅིག་ཏུ་སྟོན་པའི་ཚིག་གཞན་དུ་བསྒྱུར་ནས་སྟོན་པས་བསྒྱུར་བ་ལྡེམ་དགོངས་ཡིན་པས་དེ་དག་མདོ་གཅིག་ལ་དགོངས་དགོས་ཀྱི་ཆ་སོ་སོས་དགོངས་ལྡེམ་ཀྱི་མདོ་ལྔར་ཕྱེ་བ་ཡོད་དོ། །སྤྱིར་དགོངས་ལྡེམ་བརྒྱད་ཀྱི་མདོ་ལྟ་བུའི་སྒྲ་ཇི་བཞིན་མ་ཡིན་པའི་མདོ་ཡིན་ན། དགོངས་གཞི་ལས་དོན་གཞན་ལ་དགོངས་པའི་མདོ་དང་། ལྡེམ་དགོངས་བཞི་ལས། བསྒྱུར་བ་ལྡེམ་དགོངས་གཉིས་ཀ་ཡིན་པའི་ཁྱབ་པ་ཡོད་དེ་སྒྲ་ཇི་བཞིན་མ་ཡིན་པས་ན་ཚིག་གིས་དངོས་ཟིན་ལས་དོན་གཞན་ཞིག་ལ་དགོངས་ནས་གསུང་པ་དང་། དགོངས་གཞི་ཇི་བཞིན་པར་བརྗོད་པ་མིན་པར་སྟོན་བྱེད་ཀྱི་ཚིག་གཞན་ཞིག་ལ་བསྒྱུར་ནས་བསྟན་པ་ཁོ་ན་ཡིན་པའི་ཕྱིར་རོ"།གཉིས་པ་དོན་གཞན་ལ་དགོངས་པ་ནི་"སེམས་ཙམ་རང་ལུགས་ལ་བར་བ་མཚན་ཉིད་ལྡེམ་དགོངས་པས་ཐ་མའི་རང་ལུགས་ཀྱི་མཚན་ཉིད་གསུམ་ཁྱད་པར་ཕྱེས་པའི་དོན་དེ་ལ་དགོངས་པར་འདོད་ཀྱང་། འདིར་དབུ་མ་པ་རང་ལུགས་ལ་"མདོ་དགོངས་འགྲེལ་ལས། "སེམས་ཙམ་ལྟར་གྱི་"མཚན་ཉིད་གསུམ་ལས་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་བསྟན་པའི་མདོ་དེ་སྒྲས་ཟིན་ཚོད་ལ་"གཞན་ཡོངས་"དེ་གཉིས་བདེན་གྲུབ་ཏུ་བསྟན་ཀྱང་། དེ་མདོ་དེའི་བརྗོད་བྱའི་གཙོ་བོ་མིན་པས་སྨྲ་བ་པོའི་ཡིད་ཀྱི་བསམ་པའི་དོན་ནམ་དགོངས་གཞི་ནི་"དབུ་མ་པའི་ལུགས་ཀྱི་"མཚན་ཉིད་གསུམ་"སྣང་ཙམ་"ཐ་སྙད་དུ་ཡོད་པ་དེ་ལ་དགོངས་ནས། དགོས་པ་གདུལ་བྱ་སེམས་ཙམ་པ་དག་བརྒྱུད་ནས་དབུ་མ་པའི་ལམ་དུ་ཞུགས་པའི་ཆེད་དུ། མཚན་ཉིད་གསུམ་བདེན་གྲུབ་ཏུ་བསྟན་པ་ལྟ་བུའོ། "དོན་གཞན་ལ་དགོངས་པ་གོང་བཤད་ལྟར་གྱི་བཤད་གཞི་གཞན་ལ་སྦྱར་བ་མིན་པར་འདིར་བཤད་ལྟར་མཚན་ཉིད་གསུམ་བཤད་གཞིར་བཟུང་བའི་དོན་གཞན་ལ་དགོངས་པའི་མདོ་ལྡེམ་དགོངས་བཞིའི་ཀ་དང་གཞི་མཐུན་དུ་ཡོད་དགོངས་པ་གཞན་གསུམ་ཀ་དང་གཞི་མཐུན་མེད། དེའང་སྒྲས་ཟིན་ལས་དོན་གཞན་དབུ་མའི་ལུགས་མཚན་ཉིད་གསུམ་ལ་དགོངས་པས། དོན་གཞན་ལ་དགོངས་པའི་མདོ་དེ། གདུལ་བྱ་དྲང་ཕྱིར་མཚན་ཉིད་གསུམ་ཀ་འཁྱོགས་ཚིག་གིས་བསྟན་པས་མཚན་ཉིད་ལྡེམ་དགོངས་ཡིན་པ་དང་། མཚན་ཉིད་གསུམ་བདེན་སྟོང་དུ་བསྟན་ན་སེམས་ཙམ་ལྟ་བུ་ཆད་ལྟར་ལྷུང་བས་ན་མཚན་ཉིད་གསུམ་བདེན་གྲུབ་བསྟན་པ་དེས་ཆད་ལྟ་དེས་གཉེན་པོ་བྱེད་པས་གཉེན་པོ་ལྡེམ་དགོངས་ཡིན་པ་དང་སེམས་ཙམ་ལྟ་བུ་གདུལ་བྱ་དེ་དབུ་མར་ཁ་དྲང་ནས་ཞུགས་བྱེད་ཡིན་པས་ཞུགས་པ་ལྡེམ་དགོངས་ཡིན་པ་དང་། ཐ་སྙད་སྣང་ཙམ་གྱི་མཚན་ཉིད་གསུམ་གྱི་དགོངས་གཞིའི། ཚིག་དེ་ལས་ཚིག་གཞན་དུ་བསྒྱུར་བས་བསྒྱུར་བ་ལྡེམ་དགོངས་ཡིན་པས་བཞི་ཀ་ཡིན་ནོ"།གསུམ་པ་དུས་གཞན་ལ་དགོངས་པ་ནི། སངས་རྒྱས་ཀྱི་མཚན་"རྣ་བས་"ཐོས་"ཡིད་ཀྱི་"འཛིན་བྱས་པ་ཙམ་གྱི་བླ་མེད་བྱང་ཆུབ་ཐོབ་པར་གསུངས་པའི་མདོ་དེའི་སྒྲས་ཟིན་ཚོད་ལ། མཚན་ཐོས་འཛིན་གྱིས་བྱང་ཆུབ་ཐོབ་པར་བསྟན་ཀྱང་དེ་བསྟན་བྱས་གཙོ་བོ་མིན་པས། སྨྲ་བ་པོའི་"སངས་རྒྱས་རང་གི་"ཡིད་ཀྱིས་བསམ་པའི་དོན་ནམ་དགོངས་གཞི་ནི། མཚན་དེ་ཐོས་འཛིན་བྱས་པའི་"རང་རྒྱུད་ལ་"བག་ཆགས་རྒྱུད་ལ་བཞག་"ནས་དེས་རིམ་པར་ལམ་ཚོགས་གཉིས་བསགས་"པ་ལ་བརྟེན་ནས་"བསྐལ་པ་གྲངས་མེད་གསུམ་ལྟ་བུའི་"དུས་གཞན་དུ་"ནམ་ཞིག་"བྱང་ཆུབ་ཐོབ་པ་"ཡོད་པ་"ལ་དགོངས་ནས། དགོས་པ་མཚན་ཐོས་འཛིན་ལ་མི་སྤྲོ་བའི་ལེ་ལོ་སྤང་"དང་ཐོས་འཛིན་སོགས་ལམ་ལ་བརྩོན་པར་འགྱུར་"པའི་ཕྱིར་དུ། སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་ནས་སངས་རྒྱས་པར་བསྟན་"པའི་སྒྲ་ཇི་བཞིན་མིན་པའི་འཁྱོགས་ཚིག་"པ་ལྟ་བུའོ། "དུས་གཞན་ལ་དགོངས་པའི་མདོ་ནི་དགོངས་པ་ལས་མཉམ་པ་ཉིད་དང་། གང་ཟག་གང་གི་བསམ་པར་དགོངས་པ་གཉིས་དང་། གཞི་མཐུན་མི་སྲིད། དོན་གཞན་ལ་དགོངས་པ་དང་གཞི་མཐུན་ནོ། ལྡེམ་དགོངས་ལས། མཚན་ཉིད་ལྡེམ་དགོངས་དང་གཞི་མཐུན་མི་སྲིད་པས་གཞན་ཞུགས་པ་སོང་གསུམ་དང་གཞི་མཐུན་པར་ཡོད་དེ། དུས་གཞན་ལ་དགོངས་པའི་མདོ་དེ། སྒྲས་དངོས་ཟིན་ལས་དོན་གཞན་ཀྱི་དུས་ལ་དགོངས་པས་དོན་གཞན་ལ་དགོངས་པའི་མདོ་ཡིན་པ་དང་། ལེ་ལོས་གཉེན་པོ་བྱེད་པས། གཉེན་པོ་ལྡེམ་དགོངས་ཡིན་པ་དང་། ལེ་ལོ་བསལ་ནས་མཚན་ཐོས་འཛིན་སོགས་ལམ་ལ་འཇུག་བྱེད་ཡིན་པས། ཞུགས་པ་ལྡེམ་དགོངས་ཡིན་པ་དང་། དུས་ནམ་ཞིག་ན་སངས་རྒྱས་པའི་དགོངས་གཞིའི་ཚིག་ལས་གཞན་དུ་ཐོས་འཛིན་ཙམ་ནས་ཐོབ་པར་བསྒྱུར་ནས་བསྟན་པས་ན། བསྒྱུར་བ་ལྡེམ་དགོངས་སྟེ་དེ་ཐམས་ཅད་གཞི་མཐུན་པ་ཡིན་ནོ" །གདུལ་བྱ་གང་གི་བསམ་པ་ལ་དགོངས་པ་ནི། "གདུལ་བྱ་གང་"ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པ་ལ་ཚུལ་ཁྲིམས་ལ་སྨད་ནས་"གཞན་"སྦྱིན་པ་"ནི་ཚུལ་ཁྲིམས་"དེ་ལས་"ཚོགས་རྫོགས་པའི་ཡོན་ཏན་"ཁྱད་པར་འཕགས་པར་བསྔགས་པའི་མདོ་དེའི་སྒྲས་ཟིན་ཚོད་ལས་མཐའ་གཅིག་ཏུ་ཚུལ་ཁྲིམས་དམན་"པར་བརྗོད་"ལ་སྦྱིན་པ་ཁྱད་འཕགས་ལྟ་བུར་བསྟན་ཀྱང་། དེ་བརྗོད་བྱའི་གཙོ་བོ་མིན་པས་སྨྲ་བ་པོའི་"སངས་རྒྱས་རང་གི་"ཡིད་ཀྱིས་བསམ་པའི་དོན་ནམ་དགོངས་གཞི་ནི། ཕ་རོལ་"ཚུལ་ཁྲིམས་ཙམ་གྱི་ཆོག་འཛིན་གྱི་"གང་ཟག་དེའི་བསམ་ངོའི་ཚུལ་ཁྲིམས་"བྱེ་བྲག་པ་དམན་པར་དགོངས་པ་དང་"དེ་ལས་གཞན་པའི་"རྟེན་ཁྱད་པར་བ་འཕགས་པ་ལྟ་བུའི་རྒྱུད་ཀྱི་སྦྱིན་པ་"སྦྱིན་པ་ཁྱད་འཕགས་"སུ་གྱུར་པ་"ཡོད་པ་"འམ་མཆོག་དམན་"དག་ལ་དགོངས་ནས། དགོས་པ་ཚུལ་ཁྲིམས་དམན་པ་དེ་ཙམ་གྱིས་ཆོག་འཛིན་དེ་བཟློག་པའི་ཆེད་དུ་ཚུལ་ཁྲིམས་ལས་སྦྱིན་པ་ཁྱད་འཕགས་སུ་བསྟན་པ་ལྟ་བུའོ། "གང་ཟག་གང་གི་བསམ་པ་ལ་དགོངས་པའི་མདོ་ནི། དགོངས་པ་ལས་མཉམ་པ་ཉིད་དང་། དུས་གཞན་ལ་དགོངས་པ་གཉིས་མིན་པར། དོན་གཞན་ལ་དགོངས་པ་གཅིག་དང་གཞི་མཐུན་ནོ། །ལྡེམ་དགོངས་བཞི་ལས་མཚན་ཉིད་ལྡེམ་དགོངས་དང་གཞི་མཐུན་མེད་པར་ཞུགས་པ་སོགས་གསུམ་དང་གཞི་མཐུན་ཡོད་དེ། བསམ་པར་དགོངས་པའི་བསྟོད་སྨད་ཀྱི་མདོ་ཚིག་དེ་སྒྲས་ཟིན་ཚོད་ཀྱི་སྦྱིན་ཚུལ་སྤྱི་ལ་གཅིག་ཏུ་བསྟོད་སྨད་ཀྱི་ཚིག་དེའི་དོན་གཞན་བྱེ་བྲག་གི་སྦྱིན་ཚུལ་ལ་བཟང་ངན་ཡོད་པར་དགོངས་པས་ན། དོན་གཞན་ལ་དགོངས་པ་ཡིན་པ་དང་། གང་ཟག་དེའི་ཆོག་འཛིན་དེ་དང་དེའི་གཉེན་པོ་བྱེད་པའི་གཉེན་པོ་ལྡེམ་དགོངས་ཡིན་པ་དང་། སྦྱིན་ཚུལ་གཞན་དེ་ལ་ཞུགས་པར་བྱེད་པའི་ཚིག་ཡིན་པའི་ཞུགས་པ་ལྡེམ་དགོངས་ཡིན་པ་དང་། དགོངས་གཞིའི་ཆོག་འཛིན་གྱི་སྦྱིན་པ་ལྟ་བུ་དམན་པ་དང་། འཕགས་པ་ལྟ་བུའི་ཚུལ་ཁྲིམས་གཞན་ཁྱད་པར་ཡིན་པའི་ཚིག་དེ་གཞན་དུ་བསྒྱུར་ཏེ་སྤྱིར་སྦྱིན་ཚུལ་མཆོག་དམན་དུ་བརྗོད་པས་བསྒྱུར་བ་ལྡེམ་དགོངས་ཡིན་ནོ" །གཉིས་པ་ལྡེམ་དགོངས་ཀྱི་མདོ་ལའང་བཞི་སྟེ། །མདོ་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལྡེམ་པོར་དགོངས་པའོ། །ཞེས་པ་ལྟར་བཞི་ལས། དང་པོ་ཞུགས་པར་ལྡེམ་དགོངས་ནི། སྟོན་པ་ཤཱཀྱ་ཐུབ་པ་ལ་བརྙས་པ་སྤངས་ཏེ་"ཤཱཀ་ཐུབ་ཀྱི་"བསྟན་པ་ལ་ཞུགས་པའི་དགོས་པའི་ཆེད་དུ་"ང་དེའི་དུས་སུ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཤེས་པ་ལྟ་བུའི་"སྒྲས་ཟིན་གྱི་ཚིག་དེ་བརྗོད་བྱས་གཙོ་བོའི་"མཉམ་པ་ཉིད་ལ་དགོངས་པའི་དགོངས་བཞི་ཇི་བཞིན་པར་སྟོན་པའི་"ཚིག་ལས། གཞན་བསྒྱུར་ནས་ངག་འཁྱོགས་པོས་བསྟན་པ་ཡིན་པས་"གོང་སྨོས་དགོངས་པ་བཞི་ལས་"མཉམ་པ་ཉིད་ལ་དགོངས་པའི་མདོ་ཡིན་པར་མ་ཟད"དགོས་པ་གཙོ་བོར་ཡོན་ཏན་གྱི་འཁྱོགས་ཚིག་ཡིན་པས་"ཞུགས་པ་ལྡེམ་དགོངས་ཀྱི་མདོ་"ཡིན་པ་"དང་། "གཞན་ཡང་དགོས་པའི་ནང་ཚན་གྱི་"དོན་གཞན་ལ་དགོངས་པའི་མདོའང་ཡིན་ཏེ། ཤཱཀྱ་ཐུབ་པ་དང་རྣམ་གཟིགས་གཉིས། ཚོགས་བསགས་པ་སོགས་མཉམ་པའི་དོན་གཞན་ལ་དགོངས་པའི་མདོ་ཡིན་པས། དགོངས་ པ་"བཞིའི་ནང་"ལས་མཉམ་པ་ཉིད་"ལ་དགོངས་པའི་མདོ་"དང་དོན་གཞན་ལ་དགོངས་པ་གཉིས་ཀ་"ཡིན་པ་"དང་། ལྡེམ་དགོངས་"བཞིའི་ནང་"ལས་"མཚན་ཉིད་ལྡེམ་དགོངས་མིན་པར་"ཞུགས་པ་ལྡེམ་དགོངས་ཡིན་པར་མ་ཟད། གཉེན་པོ་ལྡེམ་དགོངས་དང་། བསྒྱུར་བ་ལྡེམ་དགོངས་གསུམ་ཀ་ཡིན་ཏེ། སྒྲ་ཇི་བཞིན་མིན་པའི་ཚིག་གིས་སྟོན་པ་ལ་བརྙས་ཤིང་མ་དད་པའི་གཉེན་པོར་འགྲོ་བའི་"ཕྱིར་ན་གཉེན་པོ་ལྡེམ་དགོངས་ཡིན་པའི་"དགོས་པ་དང་འབྲས་བུ་"ཆོས་གཟུགས་ཀྱི་"ཡོན་ཏན་"མཉམ་པ་"དང་རྒྱུ་"ཚོགས་"གཉིས་"བསགས་པ་ལ་"མཉམ་པའི་དོན་ཏེ། སྟོན་པ་རྣམ་གཟིགས་གཅིག་ཏུ་སྟོན་པའི་ཚིག་ཏུ་བསྒྱུར་ཏེ་བསྟན་པའི་མདོ་ཡིན་པས་"བསྒྱུར་བ་ལྡེམ་དགོངས་ཏེ་"ལྡེམ་དགོངས་གསུམ་ཀ་ཡིན་ནོ། །གཉིས་པ་མཚན་ཉིད་ལྡེམ་དགོངས་ནི། མདོ་དགོངས་འགྲེལ་ལས། མཚན་ཉིད་གསུམ་བདེན་གྲུབ་དང་རང་ངོས་ནས་གྲུབ་པའི་མཚན་ཉིད་ཅན་དུ་སྒྲས་ཟིན་ལ་བསྟན་པ་དེ་དགོས་པ་སེམས་ཙམ་པ་"མཚན་ཉིད་གསུམ་ཀ་བདེན་གྲུབ་མེད་པའི་"དབུ་མར་རིམ་པར་ཞུགས་པའི་ཆེད་དུ་"དགོངས་གཞི་"མཚན་ཉིད་གསུམ་ཐ་སྙད་"སྣང་"ཙམ་དུ་གྲུབ་པའི་མཚན་ཉིད་ཅན་ཡིན་པ་དེ་ཚིག་གཞན་བདེན་གྲུབ་གྱི་ཚིག་ཏུ་བསྒྱུར་ནས་བསྟན་"པ་ཡིན་"པས་"ན་"ལྡེམ་དགོངས་"བཞིའི་ནང་"ལས་མཚན་ཉིད་ལྡེམ་དགོངས་ཡིན་པར་མ་ཟད་ཞུགས་པ་དང་"ལྡེམ་དགོངས་"བསྒྱུར་བ་"ལྡེམ་དགོངས་"དང་གཉེན་པོ་"ལྡེམ་དགོངས་ཏེ་ལྡེམ་དགོངས་བཞི་ཀ་ཡིན་པ་"དང་། དགོངས་པ་"བཞིན་ནང"ལས་དོན་གཞན་ལ་དགོངས་པའང་ཡིན་ཏེ། "དེའང་"ཞུགས་པའི་"པ་ལྡེམ་དགོངས་ཡིན་པའི་"རྒྱུ་མཚན་སྨྲོས་ཟིན་"ལྟར་ཡིན་པ་"དང་"དགོངས་གཞི་མཚན་ཉིད་གསུམ་"ཐ་སྙད་དུ་གྲུབ་པར་"དགོངས་ནས་དེ་"སྟོན་པའི་ཚིག་བདེན་གྲུབ་"ཀྱི་མཚན་ཉིད་གསུམ་"སྟོན་པར་བསྒྱུར་བ་"ནས་བསྟན་པ་བསྒྱུར་བ་ལྡེམ་དགོངས་དང་"དང་། "སེམས་ཙམ་ལྟ་བུ་ལ་བདེན་སྟོང་བསྟན་ན་གཏན་མེད་དུ་རྟོག་པར་འགྱུར་བས་"ཆད་ལྟས་བསྐུར་འདེབས་ཀྱི་གཉེན་པོ་བྱེད་པའི་དགོས་པ་དང་། "མདོ་དེའི་"དངོས་བསྟན་བདེན་གྲུབ་ཀྱི་"མཚན་ཉིད་གསུམ་བསྟན་པའི་"དོན་ལས་གཞན་གཞན་ཐ་སྙད་ཙམ་དུ་གྲུབ་པའི་"དབུ་མ་པས་མཚན་ཉིད་གསུམ་གྱི་"དོན་ལ་བསམ་ཏེ་"དགོངས་པའམ་"བསྟན་པ་ཡིན་པའི་"ན་དོན་གཟན་ལ་དགོངས་པ་ཡིན་པའི་"ཕྱིར་རོ། །"མཚན་ཉིད་ལྡེམ་དགོངས་གཞན་"མཉམ་པ་ཉིད་དང་། དུས་གཞན་དང་། གང་ཟག་གང་གི་བསམ་པ་ལ་དགོངས་པའི་དགོངས་པ་གསུམ་"དང་གཞི་མཐུན་"མིན་ནོ། །"གོང་དུ་དགོངས་པའི་ཐད་ལ་སྦྱར་དགོས་པའི་དོན་ནི་"དུས་གཞན་ལ་དགོངས་པ་དེ་ནི་དགོངས་པ་བཞི་ལས། མཉམ་པ་ཉིད་དང་། གང་ཟག་གང་གི་བསམ་པ་ལ་དགོངས་པ་གཉིས་མིན་པས་དོན་གཞན་ལ་དགོངས་པ་གཅིག་"དང་གཞི་མཐུན་པས་དགོངས་པ་གཉིས་"ཡིན་ནོ། །"དུས་གཞན་ལས་དགོངས་པ་དེ་"ལྡེམ་དགོངས་"བཞི་"ལས་མཚན་ཉིད། ལྡེམ་དགོངས་མིན་པས་གཞན་ཞུགས་པ་ལྡེམ་དགོངས་དང་གཉེན་པོ་དང་བསྒྱུར་བ་སྟེ་ལྡེམ་དགོངས་གསུམ་ཀ་ཡིན་ནོ། གང་ཟག་་་གི་བསམ་པ་ལ་དགོངས་པ་"འི་མདོ་ནི་"དེ་དགོངས་པ་"བཞི་"ལས་མཉམ་ཉིད་དང་དུས་གཞན་ལ་དགོངས་པ་གཉིས་"དང་གཞི་མཐུན་"མིན་པར་པས་དོན་གཞན་ལ་དགོངས་པ་གཅིག་དང་"གཞི་མཐུན་ཡིན་པའི་དགོངས་པ་གཉིས་ཡིན་པ་དང་"ལྡེམ་དགོངས་"བཞི་"ལས་མཚན་ཉིད་"ལྡེམ་དགོངས་"མིན་པས་"གཞན་"ཞུགས་པ་དང་གཉེན་པོ་"དང་"བསྒྱུར་བ་"ལྡེམ་དགོངས་"གསུམ་ཀ་"དང་མི་མཐུན་"ཡིན་ནོ། །སྟོང་པའི་སྐྲག་ནས་ཐེག་ཆེན་སྤོང་བ་ལ་ཐད། སྔོན་ཇོ་བོ་བོད་དུ་བྱོན་ནས་བཞུགས་དུས་འཕགས་ཡུལ་གྱིས་དགེ་སློང་སྦྱང་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་གཉིས་ཆོས་ཞུ་བ་ལ་བྱུང་། ཇོ་བོས་གང་ཟག་གི་བདག་མེད་གསུང་པས་དགའ་ཞིང་དད། ཆོས་ཀྱི་བདག་མེད་གསུངས་ཚེ་དེ་སྐད་མི་གསུངས་བར་ཞུས་ཏེ་སྐྲག །ཤེས་རབ་སྙིང་གསུངས་ཚེ་རྣ་བ་དགབ་པར་བྱས་པས། ཇོ་བོས་བྱམས་སྙིང་བྱང་ཆུབ་སེམས་མེད་ན་བསྲུང་སྡོམ་གཅིག་པུའི་གར་ཡང་མི་ཕྱིན་པར་ཞེས་གསུངས་ལྟ་བུ་ཡིན། མཚན་ཉིད་ལྡེམ་དགོངས་ངོ་བོ་ཉིད་མེད་དོན་ཐད། ཀུན་མཁྱེན་རང་ལུགས་ལྟར་ན། བཀའ་བར་ཐ་གཉིས་ཀ་བདེན་མེད་སྟོན་པར་གནད་གཅིག་པས་གཉིས་ཀ་ངེས་དོན་དུ་བཞེད་པས་ན། སེམས་ཙམ་པའི་ལུགས་ཀྱི་བདེན་གྲུབ་ཀྱི་མཚན་ཉིད་གསུམ་སྟོན་པའི་དགོངས་འགྲེལ་དེ་ས་དགེ་ལྟར་ན་མཚན་ཉིད་ལྡེམ་དགོངས་ཀྱི་མདོ་ཡིན་པས་དྲང་དོན་དུ་བཞེད་ཀྱང་ཀུན་མཁྱེན་ལྟར་ན་དེའང་ངེས་དོན་དུ་བཞེད་དམ་ཞེ་ན། མདོ་དེ་ཡང་ངེས་དོན་གྱི་མདོ་ཡིན་ཚུལ་ནི། མདོ་དེས་དངོས་བསྟན་ལ་གཙོ་ཕལ་གཉིས་ཡོད་པས། ཕལ་བ་ནི་མཚན་ཉིད་ལྡེམ་དགོངས་ཡིན་པའི་སེམས་ཙམ་པ་རྣམས་ཕྱི་དོན་ཐ་སྙད་དུའང་མ་གྲུབ་པ་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཤེས་པའི་རྫས་སུ་གྱུར་པའི་སྐྱེད་མཆེད་བཅུ་གཉིས་པོ་རང་དབང་གི་སྐྱེ་བས་སྟོང་པས་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། གཉིས་སྟོང་གི་ཡོངས་གྲུབ་བདག་གཉིས་པའི་ངོ་བོར་གྲུབ་པས་དོན་དམ་པར་ངོ་བོ་ཉིད་མེད་པའི་དོང་དུ་འདོད་པའི་དོན་དེ་སྟོན་པ་ནི་དགོངས་གཞི་ཀུན་མཁྱེན་རང་ལུགས་ཀྱི་མཚན་ཉིད་གསུམ་ལ་དགོངས་པ་དང་། དགོས་པ་ནི་སེམས་ཙམ་པ་རྣམས་གནས་ལུགས་མཐར་ཐུག་གི་དོན་ངོ་བོ་གཏི་མུག་དང་བྲལ་བའི་སྟོང་པ་ཉིད། ཡུལ་སྣང་གིས་མཚན་མ་མེད་པའི་རྒྱུ་མཚན་མ་མེད་པ། ཡུལ་ཅན་རྣམ་རྟོག་གི་སྨོན་པ་མེད་པའི་འབྲས་བུ་སྨོན་པ་མེད་པའི་རྣམ་ཐར་གསུམ་ལྡན་གྱི་བདེ་གཤེགས་སྙིང་པོ་རྟོགས་པ་ལ་ཁ་དྲང་བའི་ཕྱིར་དུ་བསྟན་པ་ཡིན་ནོ། །མདོ་དེའི་དངོས་བསྟན་གཙོ་བོ་ནི་ངེས་དོན་དགོངས་གཞི་མཐར་ཐུག་བདེ་ཤེགས་སྙིང་པོ་དེ་ཉིད་བརྗོད་པ་ཡིན་པས་ན་ངེས་དོན་སྟོན་པའི་མདོ་ཡིན་པར་བཞེད་པ་ཡིན་ཏེ། དེའི་ཚུལ་ནི་ཀུན་མཁྱེན་རང་ལུགས་ལ་དབུ་མ་ཐལ་འགྱུར་བ་ལྟར་དོན་དམ་པར་གྱུར་པའི་ཕྱི་དོན་བདེན་གྲུབ་མེད་པའི་དོན་ལ་ཀུན་བཏགས་རང་མཚན་མེད་པ་ཞེས་བཞེད་པས། སེམས་ཙམ་པའི་ལུགས་ཀྱི་ཀུན་བཏགས་མ་གྲུབ་པའི་དོན་གྱི་དགོངས་གཞི། ཕྱི་དོན་གྱི་སྣང་བ་སེམས་ཉིད་གཤེགས་སྙིང་ལ་མ་གྲུབ་པའི་དོན་ལ་དགོངས་ནས། དགོངས་འགྲེལ་གྱི་ཚིག་གི་བསྟན་ཚོད་ལ། སེམས་ཙམ་ཀྱི་འདོད་པ་ལྟར་དུ་ཕྱི་དོན་གཏན་མེད་ལྟ་བུའི་སྟོང་པར་བསྟན་པ་ཡིན་པས། དགོས་པ་གཞན་སྣང་གི་ཆོས་ཀྱི་སྟོང་པའི་རང་སྣང་གི་གནས་ལུགས་མཐར་ཐུག་ལ་གཞོལ་བའི་ཆེད་དུ་དེ་ལྟར་བསྟན་པ་ཡིན། དེ་ལྟར་ཀུན་མཁྱེན་རང་ལུགས་ཀྱི་དགོངས་འགྲེལ་གྱིས་བསྟན་པའི་མཚན་ཉིད་གསུམ་ནི། འཁྲུལ་འཛིན་གྱི་རྟོག་པའི་འཛིན་སྟངས་ཡུལ་ལ། ཕྱི་གཟུང་བའི་ཆོས་རྣམས་སེམས་ལས་ཕར་ཤར་དུ་མི་འཛིན་པར་ཚུར་ཤར་དུ་འཛིན་པ་ལྟར་གྲུབ་པ་ལ་ཀུན་བཏགས་རང་མཚན་གྱིས་གྲུབ་པར་བཞེད། གཞན་དབང་ནི་འཁྲུལ་ཤེས་དེས་སྣང་བའི་འཁྲུལ་སྣང་རྣམས་འཁྲུལ་ཤེས་ལ་ལྟོས་ནས་བྱུང་བའི་རང་དབང་བར་མ་གྲུབ་པས་སྐྱེ་བ་ངོ་བོ་མེད་པར་བཞེད། དེ་ལྟ་བུའི་གཞན་དབང་གི་ཆོས་འཁྲུལ་ཤེས་འཁྲུལ་སྣང་དང་བཅས་པ་བདེ་གཤེགས་སྙིང་པོའི་ཡེ་ཤེས་རང་དབང་བའི་ཆོས་སུ་གྲུབ་པ་མེད་པས་ཡོངས་གྲུབ་དོན་དམ་པར་བཞེད། དེ་ལྟ་བུའི་ཚུལ་གྱིས་བཀའ་ཐ་མ་ངེས་དོན་སྟོན་བྱེད་དུ་བཞེད་པའོ། །འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག་ཐད། རྨི་ལམ་ཉིན་པར་གོམ་པའི་བག་ཆགས་ལས་བྱུང་བ་ལྟར་འཁྲུལ་བ་འཁྲུལ་སྣང་དང་བཅས་པའི་འདུས་བྱས་སྐྱེ་བའང་རང་རྒྱུ་ལས་བྱུང་བས་རྟེན་འབྲེལ་བདེན་སྟོང་གི་རང་བཞིན། སྒྱུ་མ་སྤྲུལ་གཞི་དང་རྫས་སྔགས་འཚོགས་པ་ལས་བྱུང་བ་ལྟར། འགག་པ་ཡང་རང་གནས་པའི་རྒྱུ་རྐྱེན་མེད་པ་ལ་ལྟོས་ནས་བྱུང་བས་བདེན་སྟོང་ངོ་། །སྨིག་སྒྱུ་ཆུས་དབེན་པའི་གཞིར་ཆུ་མེད་པ་དང་ཆུར་སྣང་བ་གཉིས་ཚོགས་ཡིན་པའི་སྣང་གནས་མི་མཐུན་པ་ལྟར། ཆོས་ཐམས་ཅད་ཆ་མེད་རྟག་པར་གྲུབ་པས་སྣང་ཙམ་ཡིན་པ་དང་། ཆུ་ཟླ་ཟླ་བ་དངོས་མེད་བཞིན་ཟླ་བའི་ཆ་འདྲའི་རྣམ་པར་སྣང་བ་ལྟར། ཆོས་ཐམས་ཅད་དཔྱད་ན་མ་གྲུབ་བཞིན་དུ་གཏན་མེད་མིན་པའི་སྣང་ཙམ་དུ་ཡོད་པས་ཆད་པ་མིན་པ། མིག་ཡོར་རམ་གྲིབ་མ་འོང་མཁན་གྱི་གང་ཟག་མེད་ཀྱང་གང་ཟག་ཅིག་འོང་ཞིང་རྒྱུ་བ་ལྟར་སྣང་བ་བཞིན། འབྲས་བུ་རྣམས་བདེན་པའི་འོང་བ་མེད་ཀྱང་རྒྱུ་རྐྱེན་ལས་འོང་བར་སྣང་བ་ཙམ་ཀྱི་སྣང་གནས་མི་མཐུན་པ། བྲག་ཆའི་སྒྲ་གང་ཟག་གི་ངག་དེ་འགྲོ་འཕོ་མེད་བཞིན་སྒྲར་སྣང་བ་ལྟར། འགྲོ་ཞིང་འཕོ་བའི་ཆོས་རྣམས་ཀྱང་དེ་བཞིན་བདེན་སྟོང་སྣང་ཙམ་མོ། །དྲི་ཟ་བར་དོ་བའི་གནས་གྲོང་ཁྱེར་བྱེ་མ་སྐྱ་བོ་དང་ཉི་མའི་ཟེར་དང་སྤྲིན་སོགས་ཀྱི་རྐྱེན་ལས་རྟེན་མེད་པར་སྣང་ལ་གྲོང་པར་སྣང་བ་ལྟར། ཆོས་ཐམས་ཅད་སྣང་བ་ཙམ་ལས་ཐ་དད་པའི་ཕྱི་རོལ་སྣང་གཞི་མ་གྲུབ་པའོ། །སྤྲུལ་བ་ནི་སྤྲུལ་གཞིའི་གང་ཟག་གི་བསམ་པ་སོགས་ལ་ལྟོས་ཏེ་སྤྲུལ་བས། སྨྲ་བ་ལས་གཞན་པའི་སྤྲུལ་ཆོས་ཀྱི་སྒྲ་སྨྲ་མཁན་དོན་གཅིག་ཏུ་གྲུབ་པ་མེད་པ་ལྟར་སེམས་ཅན་སོགས་ཀྱི་བྱ་བའི་ལས་རྣམས་རང་དབང་བར་གྲུབ་པ་མེད་པའོ། །སྐྱེ་བ་མེད་པ་རྨི་ལམ་ལྟ་བུ་འགག་པ་མེད་པ་སྒྱུ་མ་ལྟ་བུ། རྟག་པ་མེད་པ་སྨིག་རྒྱུ་ལྟ་བུ། ཆད་པ་མེད་པ་ཆུ་ཟླ་ལྟ་བུ། འོང་བ་མེད་པ་མིག་ཡོར་ལྟ་བུ། འགྲོ་བ་མེད་པ་བྲག་ཆ་ལྟ་བུ། ཐ་དད་མ་ཡིན་དྲི་ཟའི་གྲོང་ཁྱེར་ལྟ་བུ། དོན་གཅིག་མ་ཡིན་སྤྲུལ་བ་ལྟ་བུ། དཔེ་བརྒྱད་པོར་སྣང་གནས་མ་མཐུན་པའི་རྫུན་པའི་དཔེ་ཡིན་ནོ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན་རྫོབ་དང་ཐད། ཉེ་བ་འཁོར་གྱི་ཞུས་པའི་མདོ་ལས། སེམས་དམྱལ་འཇིགས་པ་ང་ཡི་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །དེ་དག་ཤི་འཕོ་ངན་སོང་དག་འགྲོ་བའི། །འགྲོ་བ་འདི་དག་ནམ་ཡང་ཡོད་མ་ཡིན། །ཞེས་དང་། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེདག་་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྟོག་པའི་བཏགས་ཙམ་གྱི་འཇོག་ཚུལ་ལ། འཇུག་ཊིག་དགོངས་པ་རབ་གསལ་ལས། "ཆོས་དང་གང་ཟག་གི་བསྡུས་པའི་བསྐྱེས"ཆོས་རྣམས་རྟོག་པའི་དབང་གི་བཞག་པ་ཙམ་གྱིས་"ཐལ་འགྱུར་བའི་གྲུབ་མཐའི་"འཇོག་ལུགས་"ཡིད་དཔྱོད་ཙམ་གྱིས་"ཤེས་ན། "རྟོག་པས་བཞག་པའམ་"དེ་ལས་ལྡོག་"པའི་ལྡོག་ཕྱོགས་"སྟེ་བདེན་པར་འཛིན་པའི་བདེན་འཛིན་གྱི་རྟོག་པ་"དང་དེའི་འཛིན་སྟངས་ཀྱི་ཡུལ་གྱི་བདེན་གྲུབ་"ཡང་བདེ་བླག་ཏུ་རྟོག་པར་འགྱུར་བས་ཞེས་གསུངས་པ་འདིས། རྟོག་པས་བཏག་པ་ཙམ་"ཡིན་པར་བསམ་བྱུང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ཚད་མའི་སྒྲོ་འདོགས་ཆོད་ནས་ངེས་པ་རྙེད་པ་"དང་"གདགས་གཞིའི་ཕུང་པོོའི་སྟེང་ནས་བཏགས་ཆོས་གང་ཟག་གི་རྟོག་པའི་བཞག་པ་ཙམ་གྱི་ཐལ་འགྱུར་བའི་གྲུབ་མཐའ་"དེའི་འཇོག་ལུགས་"ཡིད་དཔྱོད་ཙམ་གྱིས་ཤེས་པ་"གཉིས་ཐ་དད་གསུངས་ཏེ།"རྟོགས་པས་བཏགས་ཙམ་ཡིན་པར་ཚད་མའི་ངེས་པ་རྙེད་པ་དེས་གྲུབ་མཐའི་འཇོག་ལུགས་ཤེས་པའི་ཁྱབ་ཀྱང་། གྲུབ་མཐའི་འཇོག་ལུགས་ཤེས་ན་བཏགས་ཙམ་མིན་པར་ཤེས་པའི་ངེས་པའི་ཁྱབ་པས་ན་ཐ་དད་དེ་" སྟོང་ཉིད་མ་རྟོགས་གོང་དུ་རྟོན་པས་བཞག་པ་ཙམ་གྱིས་འཇོག་ལུགས་ཤེས་ཀྱང་། རྟོག་པས་བཞག་ཙམ་དང་བཏག་ཙམ་དུ་མི་ཤེས་པ་ཡིན་ཏེ། རྟོག་པས་བཞག་ཙམ་དང་བཏགས་ཙམ་དུ་ཤེས་ན། རྟོགས་པས་བཏགས་ཙམ་ཞེས་པའི་ཙམ་སྒྲས། "དེ་ཚུར་"རང་ངོས་ནས་གྲུབ་པ་གཅོད་པར་བྱས་ནས་རྟོག་པའི་ཕར་བཞག་ཙམ་དེ་ཀ་མ་གཏོག །ཡུལ་རང་ངོས་ནས་མ་གྲུབ་པར་ཐག་ཆོད་ནས་སྟོང་ཉིད་རྟོགས་པར་འགྱུར་རོ"དེས་ན་རྟོགས་པའི་བཞག་ཙམ་གྱི་འཇོག་ལུགས་ཤེས་ཀྱང་སྟོང་ཉིད་མི་རྟོགས་པ་ཞིག་ཡོད་པ་དང་རྟོག་བཏགས་ཡིན་པར་ཤེས་ན་སྟོང་ཉིད་རྟོགས་ཟིན་པ་ཞིག་དགོས་སོ་"། །རྟོག་པས་བཞག་པ་ཙམ་གྱིས་འཇོག་ལུགས་ནི། "རང་རང་གི་ཆ་ཤེས་ཡིན་ལག་ལྔ་ལྟ་བུའི་"རྟེན་འབྲེལ་"ཀྱི་"ཚོགས་པ་ཙམ་གྱིས་དབང་གིས་རྟོག་པ་ལ་"ལུས་ལྟ་བུའི་ཆ་ཅན་གྱི་"ཆོས་དེ་སྣང་བ་ན་"ལུས་"དེ་ཡོད་པར་བདུག་སྙམ་དུ་ཡོད་པར་འཇོག་གོ།"སྣང་བའི་གང་ཟག་དང་། ཡིན་ལག་ལྔ་ལ་ལུས་སུ་སྣང་བའི་སྣང་ལུས་དང་་་་་་ཡན་ལག་མིན་སྣང་བའི་་་་་་ ད་པར་ནི། ཕུང་པོ་ངར་སྣང་བ་ང་ཡིན་ཏེ་དེ་སངས་རྒྱས་ནས་སེམས་ཅན་བར་ང་ཡིན་པར་སྣང་ཤིང་གྲགས་ལ་་་་་་ཡན་ལག་ལ་ལུས་སྣང་དེ་ལུས་སུ་སྔ་མ་ལྟར་གྲགས་པས་ལུས་ཡིན་ནོ། ཐོ་ཡོར་མིར་སྣང་དང་ཐག་ཁྲར་སྦྲུལ་སྣང་རྣམས་སྣང་གཞིས་སྟེང་ནས་ཚུར་སྤྲུལ་བར་ཕར་སྣང་དུ་འདྲ་ཡང་་་་སྣང་ཙམ་དུ་་་་ཁྱ" །རྟེན་འབྲེལ་འཚོགས་པའི་དབང་གིས་ཞེས་པའང་དཔེར་ན་ཕུང་པོའི་ཆ་ཤས་རྣམས་འཚོགས་པའི་དབང་གིས་ཆ་ཅན་ཕུང་པོའི་ཚོགས་པ་"ལ་ངར་སྣང་བའི་སྣ་བ་"དེ་ལ་རྟོག་པའི་འདི་ང་འོ་ཞེས་"འཚོགས་པའི་ངར་སྣང་ལ་"མིང་བཏགས་ཚུལ་ལེགས་པར་ངོས་ཟིན་ན་དེ་ཉིད་རྟོག་པས་བཏགས་པ་ཙམ་གྱིས་འཇོག་ལུགས་ཤེས་པ་ཡིན། དེ་ལྟ་བུའི་ཕུང་པོའི་ཚོགས་པ་ལ་བཏགས་ཙམ་པའི་ངའི་འཇོག་ཚུལ་དེ་ངོས་ཟིན་ན། དེའི་ལོག་ཕྱོགས་ཐ་ན་གཉིད་རྨི་ལམ་དུའང་འཛིན་རྒྱུའི་ང་དེ་ཕུང་པོ་ཚོགས་པའི་དབང་གིས་སྣང་བའི་ངའི་སྣང་ཚུལ་དང་རྟོག་པའི་བར་བཞག་གི་ང་ཙམ་དུ་འཛིན་པའི་འཛིན་ཚུལ་དང་ཡང་མ་འདྲེས་པར་ཕུང་པོ་ཁོ་རང་གི་ངོས་ནས་ཚུགས་ཐུབ་ཀྱི་ང་ཞིག་གྲུབ་པར་སྣང་བ་དང་། ཚུགས་ཐུབ་ཀྱི་ང་རུ་འཛིན་ཚུལ་གཉིས་མ་འདྲེས་པར་ངོས་ཟིན་ནུས་པ་ཡིན་པར་གསུངས་སོ། །དེ་ལྟ་བུའི་"བདེན་གྲུབ་ཏུ་"འཛིན་པ་དེའི་སྣང་ཞིང་འཇིག་རྟེན་དུ་དེ་དགག་བྱ་ང་ཡིན་པས"དགག་བྱ་བདེན་གྲུབ་"དེ་ངོས་ཟིན་པའི་རྗེས་སུ་"བདེན་གྲུབ་"དེ་"རིགས་པ་ཡན་ལག་གི་"བཀག་པའི་སྟོང་ཉིད་དེ་གསར་དུ་ངེས་ཤིང་རྟོགས་པ་ཡིན། དེ་ན་སྟོང་ཉིད་མ་རྟོགས་པའི་སྔོན་ནས་ཀུན་རྫོབ་གྲུབ་ཚུལ་གྱི་དོན་ལེགས་པར་ངོ་འཕྲོད་"པའམ་རྟོག་བཏགས་ཀྱི་འཇོག་ལུགས་ཤེས་"ན་ཡང་། ལྟ་བ་རྙེད་པའི་རྗེས་སུ་རྟོག་པས་བཏག་ཙམ་པའི་ཀུན་རྫོབ་ཀྱི་མིང་དོན་གསར་དུ་ངེས་པ་རྙེད་དགོས་པ་ཡིན། དེའི་ཚུལ་དཔེར་ན་རྒྱལ་པོ་ཞིག་མི་ཕལ་བའི་ཚུལ་དུ་ཡར་མར་རྒྱུ་བའི་ཚེ་རང་དང་ལྷན་དུ་འགྲོགས་ནས་དེའི་རྒྱུས་ཡོད་ཀྱང་། རྒྱལ་པོ་ཡིན་པའི་མིང་དོན་པ་ངེས་པས་རྒྱལ་ཡིན་པར་ངོ་མ་ཤེས་ལ། ནམ་ཞིག་དེའི་རྒྱལ་པོའི་ཚུལ་བཟུང་ནས་ཕོ་བྲང་དུ་མཇལ་བའི་ཚེ་མི་དེའི་དོན་སྔར་མ་ཤེས་པ་གསར་དུ་ཤེས་རྒྱུ་མེད་ཀྱང་"རྒྱལ་པོ་ཞེས་པའི་"མིང་"སྔར་གྱི་མི་ཡིན་པའི་"དོན་"དེ་ལ་མིང་དོན་གྱི་འབྲེལ་བ་"གསར་དུ་ངོ་འཕྲོད་"ནས་གྲུབ་"དགོས་པ་བཞིན་ཡིན། དེས་ན་ལྟ་བ་མ་རྙེད་གོང་དུ་རྟེན་འབྲེལ་ཚོགས་པའི་དབང་གིས་སྣང་བ་ཤར་ཚུལ་དང་། གདགས་གཞི་ལ་ལྟོས་ནས་བཏགས་པའི་ཚུལ་དང་། ཕར་བརྟེན་ཚུར་བརྟེན་དུ་གྲུབ་ཚུལ་དང་། རྟོག་པས་བཞག་པ་ཙམ་ཡིན་པའི་འཇོག་ཚུལ་ཤེས་པ་ལ་བརྟེན་ནས། དགག་བྱའི་སྣང་ཚུལ་དང་འཛིན་ཚུལ་ངེས་པའི་སྒོ་ནས་དགག་བྱ་དེ་བཀག་པའི་སྟོང་ཉིད་རྟོགས་པ་ཡིན། དེ་ལྟ་བུའི་"སྟོང་ཉིད་དོན་སྤྱིའི་རྟོགས་པ་ཡོངས་ཀྱི་ཡུལ་"སྟོང་ཉིད་ནམ་མཁའ་ལྟ་བུ་དེ་ཤར་བའི་རྗེས་སུ་རྗེས་ཐོབ་ཀྱི་སྐབས་སུ་བདེན་སྣང་དང་ཐ་སྙད་ཀྱི་སྣང་བ་གཉིས་འདྲེས་ནས་སྣང་བའི་སྐབས་སུ་སྣང་བ་དེ་སྣང་གནས་མི་མཐུན་པར་"གཟུགས་བརྙན་བྱད་དང་སྣང་སྟོང་གང་ཟག་ལྟར་དང་"སྒྱུ་མའི་དཔེ་དང་སྦྱར་ནས་མིང་གིས་བཏགས་ཙམ་རྟོག་པས་བཞག་པ་ཙམ་"སྒྱུ་མ་ལྟ་བུའི་སྣང་གནས་མི་མཐུན་པ་ཉིད་"དུ་ངེས་དེ་མྱོང་ཐོག་ནས་རྟོགས་བཏགས་ཀྱི་མིང་དོན་གསར་དུ་རྙེད་པ་དང་། ཀུན་རྫོབ་བདེན་པར་རྟོགས་པ་དང་། "བྱེ་མདོ་ལྟར་བདེན་གྲུབ་ཀྱི་ཡོད་པ་དང་ཐ་སྙད་དུ་ཡོད་པ་སོགས་་གཅིག་པར་བཏགས་པའི་"རང་བཞིན་གྱི་ཡོད་པ་དང་མེད་པའི་ཁྱད་པར་ཕྱེད་ནུས་པའི་དུས་ཡིན། དེ་ལྟར་མ་ངེའི་རང་ཅག་ལ་དགག་བྱའི་སྣང་བ་དང་ཀུན་རྫོབ་ཀྱི་སྣང་བ་གཉིས་འདྲེས་ནས་སྣང་། བདེན་འཛིན་དང་བཏགས་པ་སྣང་བའི་བཏགས་འཛིན་གཉིས་འདྲེས་ནས་ཡོད་པའི་གནད་ཀྱིས། ལྟ་བ་མ་རྙེད་བར་དུ་རང་བཞིན་གྱིས་ཡོད་པ་དང་། ཡོད་པའི་ཁྱད་པར་མི་ཕྱེད། རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་ཡང་མི་ཕྱེད་པར་གསུངས་སོ། །སྟོང་ཉིད་རྟོགས་པའི་རྗེས་སུ་རྟོག་པས་བཏགས་ཙམ་དང་སྒྱུ་མ་ལྟ་བུར་ཤེས་ན་སྔ་མའི་ཁྱད་པར་"རང་བཞིན་གྱི་ཡོད་ཐ་སྙད་དུ་ཡོད་པའི་ཁྱད་པར་དང་རང་བཞིན་གྱི་མེད་པ་དང་ཐ་སྙད་དུ་མེད་པའི་ཁྱད་པར་"དེ་རྣམས་འབྱེད་ནུས་སོ། །སྟོང་ཉིད་མ་རྟོགས་བར་དུ་རྟོག་པས་འཇོག་ལུགས་ཤེས་ན་ཡང་། དགག་བྱའི་སྣང་བ་དང་། ཀུན་རྫོབ་ཀྱི་སྣང་བ་གཉིས་ཀྱང་ཡིད་དཔྱོད་ཙམ་གྱིས་སོ་སོར་རྟོགས་"ཀྱང་ངེས་ཤེས་རྙེེད་པ་མ་ཡིན་"ལ། ལྟ་བ་རྙེད་ཚེ་"དགག་བྱའི་སྣང་བ་དང་རྟོག་བཏགས་ཐ་སྙད་ཀྱིས་སྣང་བའི་"ཁྱད་པར་དེ་རྣམས་ལ་ཚད་མས་སྟོབས་ཀྱིས་སྒྲོ་འདོགས་ཆོད་པའི་"པས་སྒོ་ནས་"ངེས་པ་རྙེད་དགོས་པ་ཡིན་ནོ། །དེའི་གྲུབ་པའི་མཐའ་ལ་ཁས་མ་བླངས་ཞེས་ཐད། བདེན་གཉིས་ཤིང་རྟ་ལས། དེ་ཡང་"ཐ་སྙད་ཀུན་རྫུབ་ཀྱི་གནས་ལུགས་ཀྱང་"རང་གི་མཚན་ཉིད་"ཀྱིས་གྲུབ་པར་ཁས་ལེན་པ་"དང་། "ཚུལ་གསུམ་རང་ངོས་ནས་གྲུབ་པའི་"རང་རྒྱུད་"ཀྱི་རྟགས་སམ་གཏན་ཚིགས་ཁས་མི་ལེན་པའི་"དང་། རང་རིག་"ཐ་སྙད་དུའང་"ཁས་མི་ལེན་པའི་ཁྱད་པར། བདེན་འཛིན་ཉོན་སྒྲིབ་དུ་འདོད་པ་དང་། "ཆོས་དང་གང་ཟག་"བདག་མེད་གཉིས་ལ་ཕྲ་རགས་ཁྱད་པར་མི་བྱེད་པའི་ཁྱད་པར་འགོག་བདེན་དོན་དམ་དང་"ཆོས་ཉིད་ལ་འདོད་པ་"། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པ་ཁས་ལེན་པའི་ཁྱད་པར། སོ་སྐྱེས་ཤེས་པ་འཁྲུལ་ཤེས་"སུ་བཞེད་པས་མངོན་སུམ་དང་འཁྲུལ་ཤེས་གཞིན་མཐུན་དུ་འདོད་པ་"དང་། "རྟགས་རྟོགས་མེད་ཀྱི་"དཔྱད་ཤེས་ཚད་མར་འདོད་པའི་ཁྱད་པར། ཡིད་མངོན་དང་རྟོག་པའི་གཞི་མཐུན་འདོད་ཅིང་། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་"རྣལ་འབྱོར་མངོན་སུམ་རྒྱུད་ལྡན་གྱི་"སོ་སྐྱེས་ཡོད་"པར་བཞེད་"པའི་ཁྱད་པར། "མདོ་སྡེ་སེམས་ཙམ་རང་རྒྱུད་པ་ལྟར་མིན་པར་"དུས་གསུམ་"བྱ་བ་བྱེད་ནུས་ཀྱི་སྣང་ཙམ་པའི་"དངོས་པོར་འདོད། རགས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པ་ཙམ་གྱིས་ཐེག་གསུམ་གང་རུང་གི་"དགྲ་བཅོམ་མ་ཟད་"སྦྱོར་ལམ་ཙམ་དུ་ཡང་འགྲོ་མི་ནུས་པར"བཞེད་པ་དང་""རང་ལུགས་བསྒྲུབ་པ་ལ་གཞན་གྲགས་ཀྱི་རྟགས་ཀྱི་བསྒྲུབ་པ་དང་། གཞན་གྱིས་འདོད་པ་འགོག་པ་ལ་འགལ་བརྗོད་ཀྱི་སྒོ་ནས་"ཐལ་འགྱུར་འཕེན་པས་ཁྱད་པར་ཡོད་པའོ། །ཞེས་གསུངས་སོ། །སྣང་ཡུལ་ས་ཆུ་མ་རླུང་མཁའ་ཞེས་པའི་ཐད། ཤར་གཞི་སེམས་ཉིད་གཤེགས་སྙིང་ལས་ཤར་ཆོས་རྩ༷ལ་ཡུལ་ཅན་ཤེས་པའི་ཆོས་དང་། རོ༷ལ་བ་ཡུལ་དོན་དྲུག་གི་ཆོས་རྣམས་ཤར་གཞི་ལས་གློ་བུར་དུ་གསར་དུ་ཤར་ཙམ་དུ་ཟད་པས་བཏགས་པའི་རྟེན་འབྲེལ་གྱི་ཆོས་བདེན་པར་མ་གྲུབ་པར་གཏན་ལ་འབེབ་པའི་བསམ་པའི་ཤེས་རབ་དང་། འཁོར་བའི་སྣོད་ཀྱི་བསྡུས་པའི་ཆོས་རྣམས། རྟེན་གཞི་རྐྱེན་འབྱུང་ལྔ་དུས་འགྱུར་དང་བཅས་པ་དྲུག་ལ་བརྟེན་ནས་རང་གི་ཆ་ཤས་དྲུག་གི་འཚོགས་པ་ལ་ནགས་ཚལ་དང་ཁང་པ་སོགས་བཞག་པས་ལྟོས་པའི་རྟེན་འབྲེལ་ཀྱིས་བདེན་སྟོང་དུ་གཏན་ལ་ཕབ་པ་ཡིན། དེ་ཡང་འབྱུང་ལྔ་དང་དུས་ཀྱི་འགྱུར་བ་དང་དྲུག་ནི་རྐྱེན་གྱི་རྟེན་འབྲེལ་ཞེས་བྱ། ལྗོང་པ་ལྟ་བུ་ལའང་རྩ་བ་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་སྟེ། དྲུག་ལ་རྒྱུའི་རྟེན་འབྲེལ་དྲུག་ཅེས་བྱ། དེ་བཅུ་གཉིས་པོ་ནི། སྣོད་ཀྱི་ཆོས་ཕྱིའི་རྟེན་འབྲེལ་གྱི་རྒྱུ་རྐྱེན་རྣམ་བཞག་ཏུ་དབྱེ་བའོ། །དེ་བཞིན་དུ་རི་ལྟ་བུ་ལའང་རྩ་བ་དང་རྐེད་པ་སྟོད་མགྲིན་པ། མགོ་བོ། གཙུག་ཏོར་ལྟ་བུར་དབྱེ་བས་རྒྱུའི་རྟེན་འབྲེལ་དྲུག་དང་། ཁང་པའང་། རྨིང་། སྨད་ཆ། བར་ཆ། སྟོད་ཆ། ཐོག །ཡང་ཐོག་ལྟ་བུ་དྲུག་ཏུ་བཞག་གོ་སྙམ། ལམ་གྱི་རྟེན་འབྲེལ་ནི་ལམ་འབྲས་ཀྱི་ཆོས་རྣམས་ཀྱང་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་འཇོག་པས་བདེན་སྟོང་དུ་བསམ་པའི་ཤེས་རབ་ཀྱི་གཏན་ལ་འབེབ་པར་བྱེད་པ་ཡིན་པས་ན། སྐབས་འདིས་རྟེན་འབྲེལ་གསུམ་གྱི་བདེན་སྟོང་གཏན་ལ་འབེབ་ཚུལ་ཀྱི་རིམ་པ་དེ་ལྟར་ཡིན་ལ། སྤྱིར་འཕྲད་པའི་རྟེན་འབྲེལ་ཡིན་ན་བརྟེན་ལྟོས་ཡང་ཡིན་པ་སོགས་སྤྱིར་བཏང་གི་ཐལ་འགྱུར་བའི་བཞེད་པ་ལྟར་རོ། །བར་འདིར་མཚན་དཔེའི་སྤྲོན་ལྡེབ་ཕྱེད་གསུམ་ཡོད། ཁྱད་པར་འཕགས་ཐད། ཀ༽ "བྱང་ཆུབ་སེམས་དཔའི་སྔགས་ཀྱི་ཐད་"མདོ་སྔགས་གི་ཁྱད་པར་ནི། ཐེག་པ་ཆེན་པོ་གང་ཞིག །ཡོངས་དག་"གནས་ལུས་ལོངས་སྤྱོད་བྱ་བ་དང་བཞི"བཞི་དང་རྣམས་མཐུན་གྱི་ལམ་་་་དུ་ཡོད་པའི་རབ་ཏུ་ཕྱེ་བའི་ཐེག་པ་དེ་རྡོ་རྗེའི་ཐེག་པའི་མཚན་ཉིད། ལམ་སྒོམ་དུ་མེད་པའི་རབ་ཏུ་ཕྱེ་བའི་ཐེག་པ་དེ་མཚན་ཉིད་ཐེག་པའི་མཚན་ཉིད་ཡིན། ཀ༽ སྔགས་ལམ་"ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་༴"མདོ་ལས་མ་རྨོངས་པའི་སྒོ་ནས་ཁྱད་པར་འཕགས་ཏེ། སྔགས་ལམ་སྟེ། ཡུལ་ཅན་མཆོག་གི་སྒོ་ནས་མ་རྨོངས་པ་སྟེ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་ཟབ་གསལ་གཉིས་མེད་ཀྱི་ལམ་ཡོད་པའི་ཕྱིར་སྔགས་ལམ་མདོ་ལས་ཐབས་མང་བའི་སྒོ་ནས་ཁྱད་པར་འཕགས་ཏེ། གཟུགས་སྐུ་སྒྲུབ་པའི་ཐབས་ཕར་ཕྱིན་ཐེག་པ་ལས་མང་བའི་ཕྱིར་རོ། །སྔགས་དེ་མདོ་ལས། དཀའ་བ་མེད་པའི་སྒོ་ནས་ཁྱད་པར་འཕགས་ཏེ། རླུང་སེམས་ལ་གནད་དུ་བསྡུན་པས་ལུས་ངག་གི་དཀའ་བ་མེད་པའི་ཕྱིར་རོ། །ཁྱད་ཆོས་གསུམ་ལྡན་གྱི་ལམ་ཡིན་པ་དེས་ན་ཚེ་གཅིག་ལ་སངས་རྒྱས་འགྲུབ་པའི་ཆོས་གདུལ་བྱ་གང་ཟག་དབང་པོ་རྣོན་པོའི་ལམ་ཡིན་པས་ཀྱང་མདོ་ལས་འཕགས་པའི་ཁྱད་པར་བཞིའི་སྒོ་ནས་ཁྱད་པར་འཕགས་པའོ། །ཡང་ན་སྔགས་ནི། དམིགས་པ་རྒྱ་ཆེ་བ། གྲོགས་རྒྱ་ཆེ་བ་རྗེས་སྤྱོད་པ་རྒྱ་ཆེ་བ་སྟེ་གསུམ་གྱི་སྒོ་ནས་མདོ་ལས་འཕགས་ཏེ། སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་གཉིས་དང་རྣམ་མཐུན་དུ་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་དམིགས་པས་དམིགས་པ་རྒྱ་ཆེ་བ། རྒྱལ་བ་རྣམས་ཀྱི་དམ་ཚིག་བཟུང་བའི་སྟོབས་ཀྱིས་བྱིན་རླབས་སྐྱེ་བའི་གྲོགས་རྒྱ་ཆེ་བ། རྒྱལ་བ་སྲས་བཅས་ཀྱིས་འགྲོ་བའི་དོན་བྱེད་ཅིང་ཞིང་དག་པར་མཛད་པ་ལྟར་བྱེད་པས་རྗེས་སུ་སྤྱོད་པ་རྒྱ་ཆེ་བའི་ཁྱད་པར་སྟེ། མདོ་ལས་སྔགས་ལམ་དེ་ཁྱད་པར་གསུམ་གྱི་འཕགས་པའོ། །སྔགས་དེ་མདོ་ལས། ཁྱད་པར་བདུན་གྱིས་སྒོ་ནས་འཕགས་པ་ཡིན་ཏེ། རྒྱལ་བ་སྲས་བཅས་ཀྱི་རྒྱུད་བྱིན་གྱིས་རློབས་པ་དང་། ལྷག་པའི་ལྷའི་རྗེས་སུ་འཛིན་པ་དང་། ཚེ་རབས་ཐམས་ཅད་དུ་སངས་རྒྱས་རྗེས་སུ་དྲན་པ་དང་། ཕྱག་མཆོད་བསྟོད་པ་སོགས་ཀྱི་ཚོགས་གཉིས་རྫོགས་པ་དང་། བསྲུང་འཁོར་བསྒོམ་པས་བགེགས་བཟློག་པ་དང་། ཐུན་མོང་གི་དངོས་གྲུབ་ཚེ་འདིར་འགྲུབ་པ་དང་། ལུས་ཀྱི་གཡོ་བ་དང་། ངག་གིས་བརྗོད་པ་ལ་བརྟེན་ནས། ཚོགས་རླབས་པོ་ཆེ་རྫོགས་པ་སྟེ་ཁྱད་པར་བདུན་དང་ལྡན་པ་ཡིན་པའི་ཕྱིར་རོ། །མདོ་སྔགས་ཀྱི་ཁྱད་པར་དེ་རྣམས་ལམ་མྱུར་བུལ་གྱི་སྟེང་ནས་བརྩི་ཞིང་འབྱེད་པ་ཡིན་ཏེ། སྔགས་ལམ་ལ་ཞི་གནས་སྟོབས་ལྡན་གྲུབ་ལུགས་མཚན་ཉིད་ཐེག་པར་མ་གསུངས་པ་རྣམས་བསྟན་པས་ཞི་གནས་མྱུར་བར་སྟོབས་ལྡན་འགྲུབ་ལ། དེ་ཇི་ཙམ་སྟོབས་ཆེ་བ་བཞིན་ལྷག་མཐོང་གི་ལྟ་བའང་སྟོབས་ལྡན་འགྲུབ་པས་དེ་གཉིས་ཀྱིས་སྔགས་སྤྱིའི་ལམ་མྱུར་ལམ་དུ་བཞག་པར་གསུངས་སོ། ཀ༽ བྱ་རྒྱུད་ལ་རིགས་གསུམ་སྟེ། རིགས་གསུམ་སྤྱི་རྒྱུད་ལས། གསང་བ་སྤྱི་རྒྱུད། ལེགས་གྲུབ་ཀྱི་རྒྱུད། དཔུང་བཟང་གིས་ཞུས་པའི་རྒྱུད། བསམ་གཏན་ཕྱི་མའི་རྒྱུད་རྣམས་སོ། །སྤྱོད་རྒྱུད་ལ། རྣམ་སྣང་མངོན་བྱང་གི་རྒྱུད་ལེའུ་ཉེར་དྲུག་པ་དང་། དེའི་རྒྱུད་ཕྱི་མ་ལེའུ་བདུན་མ་སྟེ་ཤཱཀྱ་ཐུབ་པ་ཉིད་ལོངས་སྐུ་གངས་ཅན་མཚོའི་རྣམ་པར་བཞེངས་ནས་གསུངས། སྤྱོད་རྒྱུད་པདྨའི་རིགས་གྱི་རྒྱུད་བོད་དུ་མ་འགྱུར། རྡོ་རྗེའི་རིགས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དམ་ཕྱག་རྡོར་གོས་སྔོན་ཅན་གྱི་རྒྱུད་བམ་པོ་བཅུ་གཉིས་པའོ། །རྣལ་འབྱོར་གའི་རྒྱུད། རྩ་རྒྱུད་དེ་ཉིད་བསྡུས་པ་ལ་ལེའུ་འམ་དུམ་བུ་བཞི་སྟེ། རྡོར་དབྱིངས། ཁམས་སུམ་རྣམ་རྒྱལ། འགྲོ་མཆོག །ལས་རྒྱལ་མཆོག་གསུམ་གྱིས་བསྒོམ་པར་བསྟན་པ་ནི་ཆོ་ག་རྒྱས་པ་དང་། དང་པོའིི་སྦྱོར་བ་དང་། འཁོར་གྱི་ལྷ་དཀྱིལ་འཁོར་རྒྱལ་མཆོག་དང་གཉིས་ཀྱི་བསྒོམས་པ་ཆོ་ག་འབྲིང་པོ་དང་། དང་པོ་གཅིག་བསྒོམ་པ་ཆོ་ག་བསྡུས་པའོ། །བྱ་སྤྱོད་གཉིས་ལ་སློབ་པའི་དབང་ཙམ་ལས་སློབ་དཔོན་དབང་མེད། རྣལ་འབྱོར་རྒྱུད་ལ། སློབ་དཔོན་དབང་ཡོད་ཀྱང་། ཡབ་ཡུམ་དང་སྦྱོར་བའི་རྣལ་འབྱོར་མེད་པར་རང་རྡོར་སེམས་སུ་གསལ་བར་བྱས་ཏེ། ཟབ་གསལ་གཉིས་མེད་ཀྱི་ལྷར་བསྒོམ་པ་ཙམ་མམ་ཕྱི་རྒྱུད་གསུམ་གྱི་བུམ་དབང་དང་། བླ་མེད་བུམ་དབང་མི་གཅིག་སྟེ། བུམ་ལྷ་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བའི་བྱང་སེམས་ཆུ་དང་འདྲེས་པ་མེད་པར་བུམ་ལྷ་ཡབ་རྐྱང་ཡུམ་རྐྱང་ཞུ་བའི་ཆུ་ཙམ་ཡིན། སློབ་མ་ལ་ནང་དབང་བསྐུར་བ་མེད་དེ། བླ་མ་ཡབ་ཡུམ་སྦྱོར་བ་མེད་པའི་ཕྱིར། བྱ་སྤྱོད་གཉིས་ལ་རིགས་ལྔའི་སྡོམ་པ་བཟུང་བ་མེད་པས་སྡོམ་པ་གསོ་སླད་དབང་ཡང་ལེན་པ་མེད་པའོ། །བྱ་སྤྱོད་གཉིས་ལ་དམ་ཚིག་བསྲུང་ཉམས་ཡོད་པས་དམ་ཚིག་མི་ཉམས་པར་བསྲུང་བ་དང་ཉམས་ན་ཕྱིར་བཅོས་གལ་ཆེ། ཕྱི་རྒྱུད་གསུམ་ལ་དག་རྫོགས་སྨིན་གསུམ་ཚངས་པའི་བསྐྱེད་རིམ་མེད། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་ཡེ་ཤེས་མེད། བྱ་རྒྱུད་ལ་བདག་བསྐྱེད་ཡོད་དེ་ཞི་སོགས་ཀྱི་ལས་བསྒྲུབ་ཕྱིར་རང་ལྷར་གསལ་བ་ཕྱག་རྡོར་དབུ་མར་གྱི་རྒྱུད་དང་། དེ་ཁོ་ན་ཉིད་བཅུའི་རྒྱུད་ལས་བསྟན་པའི་ཕྱིར་སྤྱོད་རྒྱུད་ལའང་། གག་བསྐྱེད་ཡོད་པར་རྣམ་སྣང་མངོན་བྱང་དང་། ཕྱག་རྡོར་དབུ་མར་གྱི་རྒྱུད་དང་། བསམ་གཏན་ཕྱི་མའི་འགྲེལ་བ་ལས་གསུང་པའི་ཕྱིར་རོ། །རིམ་གཉིས་རྗེས་མཐུན་པ་མཚན་བཅས་རྣལ་འབྱོར་དང་། མཚན་མ་མེད་པའི་རྣལ་འབྱོར་གཉིས་ཡོད། ཁ༽་རྒྱུད་ལས་ཁྱད་པར་འཕགས་སོགས་ཐད། དེ་འདྲ་བའི་སྔགས་ཀྱི་རྒྱུད་དེ་དུས་ནམ་ཞིག་ལ་གསུངས་ན། སྤྱིར་བདག་ཅག་གི་སྟོན་པ་ཡེ་སངས་རྒྱས་ལ་ཡང་སངས་རྒྱ་བའི་ཚུལ་བསྟན་པའི་སྒོ་ནས་སངས་རྒྱས་པའི་ཚུལ་མཛད་པ་ལས། ཐུན་མོང་དུ་རབ་ཏུ་བྱུང་ནས་ཀླུང་ནེ་རན་ཛ་ནར་ལོ་དྲུག་དཀའ་བ་སྤྱད་མཛད་པའི་སྐབས་སུ་བཏགས་པའི་ལུས་བཞག་ནས་སྤྲུལ་པའི།


No comments:

Post a Comment