Friday 31 October 2014

མུ་ཏིག་ཅན།

ཆོས་དཀོན་མཆོག་གླེགས་བམ་དཔེ་ཆ་ཚིགས་སུ་བཅད་པ་ཡན་ཆད་རྣམས་སྐལ་ལྡན་ཀྱི་གདུལ་བྱའི་དཔལ་དུ་སྤྲིངས་ཤིང་རྙེད་པ་ལས་སྤང་རྟོགས་ཀྱི་ཡོན་ཏན་འགོད་པའི་འཕྲིན་ལས་མངའ་བའི་མཚན་གཞིའི་དཔེའི་བསྟན་ན་༴། ༈ སྟོན་པ་སེར་སྐྱེའི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས། སྟོན་པས་ཤཱཀྱ་"སངས་རྒྱས་རབ་ཏུ་བྱུང་ནས་ལོ་དྲུག་དང་། སངས་རྒྱས་ནས་ལོ་དྲུག་དང་། བཅུ་གཉིས་ལ་ཡབ་ཟས་གཙང་དང་མ་འཕྲད། མཐར་ཟས་གཙང་འཇལ་འཕྲད་མཛད་དེ་ཆོས་གསུངས་ཏེ་ཤཱཀྱ་བ་བདུན་ཁྲི་ཆོས་ཉིད་ཀྱི་བདེན་པ་མཐོང་བར་བྱས་ཏེ་"པ་རྣམས་བདེན་པ་ལ་བཀོད་པའི་ཚེ་དེ་རྣམས་དུས་གསུམ་དུ་འགྲོ་ཞིང་སྟོན་པས་ཡང་ཆོས་ཀྱང་སྟོན་པ་ཡིན་པས། རྒྱལ་པོ་ཟས་གཙང་ཤཱཀྱའི་ཚོགས་ཀྱི་བསྐོར་ནས་སྟོན་པའི་མདུན་དུ་དུས་གསུམ་དུ་འགྲོ་བའི་མིང་ཆེན་གྱི་ཆོས་ཉན་ནས་རང་ཁྱིམ་དུ་འོང་ནས། 

ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། བདག་ནི་སངས་རྒྱས་འབྱུང་བ་འབྲས་བུ་དང་བཅས་པ་ཡིན་ནོ། །སྨྲས་པས། དེ་ལ་ཆུང་མའི་དེ་ཅི་ལགས་སྨྲས། དེས་སྨྲས་པ་སྟོན་པས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་འདི་འདྲ་བའི་ཆོས་བཤད་པ་ཐོས་པས་སྲོགས་ཆགས་བརྒྱ་སྟོང་དུ་མའི་ཁྱད་པར་ཆེན་པོ་"ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་"རྟོགས་སོ། ཆུང་མའི་རྗེ་སྲས་ཁྱེད་ནི་སངས་རྒྱས་འབྱུང་བ་རང་འབྲས་བུ་བཅས་པ་ལགས་ཀྱི་བདག་ཅག་ནི་མ་ལགས་ཏེ། སྟོན་པ་འཇིག་རྟེན་དུ་འབྱུང་བ་ནི་སྐྱེས་པའི་ཕྱིར་ཡིན་ཀྱི་བུད་མེད་ཀྱི་ཕྱིར་མིན་ནོ་ཟེར་བས། དེས་བཟང་མོ་དེ་སྐད་མ་ཟེར་ཅིག། སྟོན་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཡིན་པས་སོང་དང་། སྟོན་པའི་སྤྱིན་སྔགས་ཆོས་ཐོས་པར་འགྱུར་རོ། ཁོ་མོ་ན་རེ། ལྷ་"ཟང་གཙང་"ཤཱཀྱའི་ཚོགས་ཀྱི་བསྐོར་ནས་དུ་སྟོན་པའི་སྤྱན་སྔར་དུས་གསུམ་དུ་མཆིས་པས་བདག་ཅག་"ངོ་ཚ་བ་འམ་"གཡར་ཚ་ལགས་སོ་གལ་ཏེ་ལྷ་"ཟས་གཙང་"སྔ་དྲོ་བཞུད་ན་"ཅུང་བཟང་"བདག་ཅག་ཕྱི་དྲོ་ཆོས་མཉན་པར་བགྱི་འོ་སྨྲས། མིང་ཆེན་གྱི་ལྷ་"ཟས་གཙང་"ལ་ཞུའོ་སྙམ་པ་དང་། རང་གི་ཆུང་མའི་ཆེད་དུ་གསོལ་མི་ནུས་ཀྱིས། ལྷ་"ཟས་གཙང་"ནི་སྐྱེ་དགུའི་བདག་མོའི་ཚིག་ཉན་པས། དེ་ལ་དོན་དེ་ཞུའོ་སྙམ་ནས་ཞུས་པས། དེས་ལྷ་ལ་ཞུའོ་ཟེར་ནས། རྒྱལ་པོ་ཟས་གཙང་ནི་སྐྱེ་དགུའི་བདག་མོའི་སྨྲས་པའི་ཚེ་ལུས་ཀྱི་སྤུ་ཟིང་བྱེད་ནས་ལངས་ཏེ། དེའི་"སྐྱེ་དགུའི་བདག་མོས་"ཚིག་ལན་མ་བྱིན་པར་མི་འདུག་པ་ཡིན་པས་"ཟས་གཙང་གི་"མགོ་བོའི་བཏུད་ནས་དེ་བཞིན་འཚལ་ཞེས་གནང་ངོ། །དེ་ནས་སྐྱེ་དགུ་བདག་མོ་ཤཱཀྱའི་ཆུང་མ་ལྔ་བརྒྱས་བསྐོར་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་བ་ན་མིང་ཆེན་ཆུང་མའང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སོང་བ་ཀུན་དགའ་བོས་མཐོང་ནས་སྲིང་མོ་ཁྱོད་རང་བཞིན་ཀྱིས་གཟུགས་བཟང་ཞིང་མཛེས་པ་ཡིན་ན་རྒྱན་གྱིས་བརྒྱན་ན་ལྟ་ཅི། ཁྱོད་རྒྱན་གྱིས་བརྒྱན་ནས་འདིར་འོང་བ་ནི་མ་ལགས་ཏེ། བདག་ཉིད་ཆེན་པོ་འདི་དག་ནི་འདོད་ཆགས་དང་བྲལ་བ་ཁོ་ནའང་མིན་ནོ་ཞེས་སྨྲས་པས། ཁོ་མོ་ངོ་ཚ་ཞིང་སྙིང་ལ་"འམ་མཚང་ལ་ཕོག་ནས་"ཕོག་ནས། མཐའ་གཅིག་ཏུ་སོང་ནས་རྒྱན་ཐམས་ཅད་བཀྲོལ་ནས་མངའ་ཞུགས་མ་བུད་མེད་སྐྱེད་མ་ཞེས་བྱ་བ་ལ་རྒྱན་ཁྱིམ་དུ་སྐྱེལ་བཅུལ། དེས་དེ་བཞག་སྟེ་མྱུར་བར་འོངས་སོ། དེ་ནས་སྟོན་པས་ཆོས་བཤད་པའི་ཚེ་ཤཱཀྱའི་བུ་མོ་ཞིག་གིས་རང་གི་མགུལ་གྱི་མུ་ཏིག་གི་དོ་ཤལ་ལ་མྱུར་བར་བལྟ་ཞིད་ལགས་པས་ནོམ་པར་བྱེད་སྐབས། སྟོན་པའི་མི་རྟག་པའི་ཆོས་བཤད་ཀྱང་རྣ་བར་མ་གཏོད་པར་མུ་ཏིག་ལ་རྟོག་པ་དེ་མིང་ཆེན་གྱི་ཆུང་མའི་མཐོང་ནས་ཉོན་མོངས་པ་"འམ་རྒྱན་དམན་པ་"འདི། མུ་ཏི་གི་དོ་ཤལ་ལ་ཆགས་ནས་བརྟགས་དུ་ཅི་ཡོད། ངའི་མུ་ཏིག་གི་ཕྲེང་བ་མཐོང་ན་འདིས་ཁེངས་པ་སེལ་ལོ་སྙམ་ནས། སྐྱེད་མ་ལ་ཁྱོད་ཀྱིས་ངའི་མུ་ཏིག་གི་དོ་ཤལ་ལེན་པར་མྱུར་བར་སོང་ལ་ཤོག་སྨྲས་སྐྱེ་མའི་ཆོས་ཉན་པ་ལས་སེམས་བསྡུས་ཏེ། འདི་འདྲའི་ཆོས་ཀྱི་བར་ཆད་བྱུང་ངོ་སྙམ་ནས། བྲན་འདི་རེ་སྡུག་སྙམ་སྟེ། "བྲན་བདག་"གང་"ཟག་གང་"ཡང་"འགྱུར་བྱེད་ཀྱི་"སྡིག་"པ་བསགས་"པས་དེ་རང་རྒྱལ་"སངས་རྒྱས་ཀྱི་"ཞལ་"ལ་"བལྟ་བ་དང་། "སངས་དེས་"བདེ་གཤེགས་ཞལ་ནས་དྲི་མེད་ཆོས་སྐལ་མི་ཐོབ་པར"ཉན་པའི་སྐལ་བ་འདི་འདྲ་ཞིག་ཐོབ་ཀྱང་བར་ཆད་བྱུང་ནས་""ཆོས་ཉན་ལོང་མེད་པར་འགྲོ་དགོས་པ་འདི་རེ་སྡུག་སྙམ་སྟེ་"བྲན་"གྱི་"དངོས་"པོ་དེ་"གཞན་དབང་"དུ་གྱུར་པའི་"སྡུག་བསྔལ་མང་ངོ་ཐ་ཆད་དེ། བདག་གི་"གླ་ངན་གྱིས་"འཚོ་བ་"བྱེད་པའི་"སྔོན་བྱས་ལས་ཀྱི་"འབྲས་བུ་"ཐོབ་པ་"འདི་"ངན། "ཞེས་"སྨྲས་སྟོན་པས་བྲན་མོ་དེ་སྔོན་སངས་རྒྱས་"འོད་སྲུང་"ལ་བྱ་བ་བྱས་པ་ཡིན་མོད། ཚེ་ཅུང་ཟད་ལས་མེད་པའི་འཁོར་བའི་བཙོན་ར་ནས་དབྱུང་བར་བྱའོ་དགོངས་ཏེ་སླུ་ཚུལ་གྱི་གྲོ་ཀ་ལ། དགེ་མ་སྐྱེ་བ་"འམ་སྐྱེ་ཞིང་"འབྱུང་བ་ནི། །འཇིག་པ་"སྟེ་ཤི་བ་"ཡིན་པར་བསམ་ནས་སུ། །"སངས་རྒྱས་"ངས་གསུང་པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ནས་མཉན་པར་བྱ། །ཞེས་བྲིས་ནས་བྱིན་པས་ཡིད་དགའ་ནས་སངས་རྒྱས་ལ་དད་པའི་སེམས་ཀྱིས་སོང་བ། བ་གྲུས་མ་"བུ་ཁྲིད་མཁན་"ཞིག་གིས་"བརྡུང་དེ་"བསོད་དོ། དེ་ཤི་མ་ཐག །སིང་གྷའི་ཡུལ་གྱི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་ཞུགས་པའི་ཉིན་པར་མུ་ཏིག་གི་ཆར་བབས། ལྟས་མཁན་གྱི་སྨྲས་པ། འདི་ནི་སེམས་ཅན་ཞིག་བཙུན་མོའི་ལྷུམས་སུ་ཞུགས་པ་དེའི་མཐུའོ། །ཡང་ཟླ་བ་དགུ་འདས་ནས་བུམ་མོ་གཟུགས་བཟང་བ་ཞིག་བཙས། དེའི་ཉིན་ཡང་མུ་ཏིག་གི་ཆར་བབས་ནས་རྒྱལ་པོས་བུ་མོའི་མཐུ་རུ་ཤེས་ཏེ་དེ་ཉིད་ལ་མུ་ཏིག་རྣམས་བྱིན་ནས་མིང་མུ་ཏིག་ཅན་ཞེས་བཏག་སོ། །དེ་ཆེན་པོར་ལོན་པ་ན། དུས་གཅིག་ན་"ཡུལ་དབུས་ཀྱི་"མཉན་ཡོད་ཀྱི་ཚོང་པ་རྒྱ་མཚོར་གྲུར་ཞུགས་ཞུགས་དེ་འགྲོ་བ་རྣམས་རླུང་ཤུགས་ཀྱིས་སིང་གྷ་ལའི་ཡུལ་དུ་ཕྱིན་པའི་ཕོ་བྲང་དང་ཉེ་བར་བྲང་བཏབ་ནས། ཐོ་རངས་སུ་སངས་རྒྱས་ཀྱི་གསུངས་པའི་གསུང་རབ་མདོ་སྡེ་རྣམས་བཏོན་པ་ལ་ཞུགས་པ་མུ་ཏིག་ཅན་གྱི་སྐར་ཁུང་ནས་ཐོས་ཏེ་རྒྱལ་པོ་ལ་སྨྲས་ཏེ། ཡུལ་དབུས་ཀྱི་ཚོང་པ་རྣམས་གླུ་སྙན་པོ་ལེན་ཏེ་མྲས་པས་རྒྱལ་པོས་ཚོང་པ་རྣམས་བཀུག་པ་ན། མུ་ཏིག་ཅན་ཀྱི་ཡུལ་དབུས་ཀྱི་རོལ་མོ་སྙན་གྱི་ལོངས་ཤིག །དེ་རྣམས་ན་རེ། བདག་རོལ་མོ་མཁན་མ་ལགས་ཏེ་རྒྱ་མཚོ་ནས་རླུང་གི་དབང་གིས་འདིར་སླེབས་པའི་མཉན་ཡོད་ཀྱི་ཚོང་པ་ལགས། བདག་ཅག་ཐོ་རངས་སངས་རྒྱས་ཀྱི་གསུང་བསྒྲགས་པའོ་སྨྲས་པས་མུ་ཏིག་ཅན་གྱིས་སངས་རྒྱས་ཀྱི་"སངས་རྒྱས་ཞེས་མཚན་གྱི་"སྒྲ་ཐོས་ཙམ་ནས་སྙིང་"ལ་དད་ཅིང་"དགའ་བས་བ་སྤུ་གཟེངས་ངོ་མཚར་ནས། སངས་རྒྱས་ཅི་ཡིན་དྲིས་པས་"ཚོང་པ་"དེ་དག་གིས་"སངས་རྒྱས་ནི་མིའི་མགོན་ཡིན་པ་དང་སྐྱེ་རྒའི་སྡུག་བསྔལ་བ་སོགས་"འདི་ལྟར་ཡིན་པར་སྨྲས། མུ་ཏིག་ཅན་གྱིས་ཁྱེ་རྣམས་ཡུལ་དུ་"ཡུལ་དབུས་སུ་"ལོག་པ་ན་ཁོ་མོ་སྦྲོན་སྨྲས། "ཚོང་བ་"དེ་རྣམས་ཀྱིས་སྦྲན་པ་ན། "ཚོང་པ་དག་གིས་བསྙད་པ་ལྟར་"ལྷ་དང་ལྷ་མིན་མི་ཡིས་ཕྱག་བགྱིས་པ། །སྐྱེ་དང་བསྙུན་དང་"ན་བའི་སྡུག་བསྔལ་"བསྙེངས་"པའ་འཇིགས་པ་"ལས་ངེས་འབྱུང་ཞིང་། "རྐང་གཉིས་ཀྱི་"གཙོ་བོ་"སྟོང་གསུམ་དུ་"གྲགས་པ་རྒྱ་ཆེན་རབ་གྲགས་པ། །དྲང་སྲོང་"སངས་རྒྱས་ཁྱེད་ཀྱི་ཆོས་ཀྱི་བདུད་རྩིའི་"བདུད་རྩིའི་ཆུ་ལས་ཐུགས་རྗེས་གནོང་། ཞེས་ཡི་གེ་བསྐུར་བས་ཚོང་པས་སྟོན་པའི་དྲུང་དུ་ཕུལ། སྟོན་པའི་མུ་ཏིག་ཅན་འདུལ་བའི་དུས་མཁྱེན་ནས་"ཚོང་པ་"ཁྱེད་ཅག་འདོང་བའི་ཚེ་"ཁོང་ལ་"གསོལ་ཅིག་གསུངས། དེ་ནས་ཚོང་པ་རྣམས་ཟོང་བསྒྱུར་"ལོགས་བྱས་"ཏེ་ཚོང་བྱེད་པར་འགྲོ་བའི་དུས་སུ་སྟོན་པའི་སྤྱན་སྔར་་བདག་ཅག་གིས་མུ་ཏིག་ཅན་ལ་ཇི་སྐད་བགྱི་ཞུས་ཚེ། རས་བྱི་དོར་བྱས་པ་དང་རི་མོ་མཁན་བཀུག་གསུང་། དེ་དག་གི་དེ་བྱས་པ་ན། རས་འདི་ལ་དེ་བཞིན་གཤེགས་པའི་སྐུ་བྲིས་གསུངས་བ་ན་བྲི་མ་ནུས་ནས་རས་བཏིང་བས་སྟོན་པའི་སྐུའི་འོད་བཏང་བ་ལ་རི་མོ་མཁན་གྱིས། ཚོན་སྣ་ཚོགས་ཀྱི་རྒྱས་པར་བྱས་སྐུ་གཟུགས་དེའི་འོག་ཏུ། སྐྱབ་འགྲོ་བསླབས་པའི་གཞི་"རྩ་བའི་ཚ་དང་"ལྔ་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་དང་འཕགས་པའི་ལམ་ཡན་ལག་བརྒྱད་བྲིས། གོང་དུ་བརྩམ་པར་བྱ་ཞིང་༴། སོགས། ཚིག་བཅད་གཉིས་བྲིས་ནས་སིང་གྷ་ལའི་རྒྱལ་པོ་ལ་སྤྲིངས་ཏེ། རས་ལ་བྲིས་པ་དེ་ངའི་མུ་ཏིག་ཅན་ལ་སྐྱེས་སུ་བསྐུར་བ་ཡིན་པས་ས་ཕྱོགས་ཡངས་པར་བྱི་དོར་བྱས་སྐྱེ་བོའི་ཚོགས་བསྡུས་ལ་མཆོད་པའི་བསྙེན་བཀུར་གྱིས་ཤིག་གསུངས། མུ་ཏིག་ཅན་གྱི་འདི་ཅི་དྲི་བ་ན། སངས་རྒྱས་ཀྱི་སྐུའོ། འོག་གི་འདི་སྐྱབས་འགྲོ་སོགས་དང་ཐར་པ་ཐོབ་པའི་བདུད་རྩིའི་"ཞེས་གོང་དུ་བདུད་རྩིའི་ཆུ་ལས་ཐུགས་རྗེ་གནང་ཞེས་པའི་ལན་ཡིན་"ཐབས་འཕགས་ལམ་པ་ན་ལག་བརྒྱད་དང་། གོང་མ་རྟེན་འབྲེལ་"བསྒོམ་ཚུལ་བརྩམ་པར་བྱ་ཞིང་སོགས་ཀྱི་བསྒོམ་བྱ་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་བདེན་བཞིའི་ནང་དུ་བསྡུས་ཏེ་བསྒོམ་ན་ཐར་པ་ཐོར་པར་འགྱུར་རོ་ཞེས་"ལ་རྟོག་ཅིང་བརྩོན་འགྲུས་བསྐྱེད་ན་འཕགས་ལམ་ཐོབ་ནས་སྡུག་བསྔལ་ལས་གྲོལ་བར་འགྱུར་བ་ཡིན་པར་བརྗོད་ཅིག་གསུངས། ཚོང་པ་རྣམས་ཀྱི་རྒྱལ་པོ་ལ་སངས་རྒྱས་ཀྱི་གསུངས་པ་ལྟར་སྨྲས་པས། དེ་བཞིན་བྱས། ས་ཕྱོགས་བྱི་དོར་བྱས་པ་ལ། རྒྱལ་མཚན་དང་། རིན་ཆེན་བདུན་ལས་བྱས་པའི་སེངྒེའི་ཁྲི་ལ་སྐུ་བཤམས། སྐྱེ་བོའི་ཚོགས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ཞེས་བརྗོད་པའི་སྒྲ་ཐོས་ནས་མུ་ཏིག་ཅན་དད་པ་དྲག་པོ་སྐྱེས་མིག་མཆི་མ་འཁྲུགས། ལུས་ཀྱི་བ་སྤུ་གཟེང་པར་གྱུར་ཏེ། ཚོང་པ་རྣམས་ལ་དྲིས་པ་ན་རིམ་པར་ལན་རྣམས་བཏབ། དེས་རྟེན་འབྲེལ་ལུགས་འབྱུང་ལྡོག་ལན་གསུམ་བསམ་པ་ན་རྒྱུན་ཞུགས་ཐོབ་སྟེ་བདེན་པ་མཐོང་ནས། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁན་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ཏེ། ཚོང་པ་རྣམས་"ལ་སྨྲས་ཏེ་མུ་ཏིག་འཁྲི་ཤིང་"རང་ལ་འགྲོ་བའི་ཚེ་སྦྲོན་ཅིག་སྨྲས། དེ་རྣམས་འགྲོ་བའི་ཚེ་སྦྲན་པ་ན། ཁོ་མོའི་ཚིིག་གིས་སྟོན་པའི་ཞབས་ལ་མགོ་བོའི་ཕྱག་འཚལ་ལོ། །གནོད་པ་ཉུང་ངམ་སོགས་ཞུས་ལ། མུ་ཏིག་བྲེ་གསུམ་འདི་ཁྱེར་ལ་ཆ་གཅིག་སངས་རྒྱས། ཆ་གཅིག་ཆོས་ལ་ཆ་གཅིག་དགེ་འདུན་ལ་ཕུལ་བར་བསྒོས་པས། དེ་དག་གིས་དེ་བཞིན་ཕུལ་བས་ཀུན་དགའ་བོས་སྐྱེས་འདི་སུས་ཕུལ་ཞུས་པ་ན་སྟོན་པའི་མིང་ཅན་ཀྱི་མངའ་ཞུགས་མ་སྐྱེད་མ་"འམ་རོ་ཧི་ཏ་"ཤི་ནས་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་དུ་གྱུར་ཏེ་བདེན་པ་མཐོང་བ་དེས་བསྐུར་བའོ་གསུངས། སངས་རྒྱས་སྐུ་སྐལ་དྲི་གཙང་ཁང་དུ་ཞལ་ཞལ་གྱིས"ཤིག"། ཆོས་ནི། ཆོས་"སྡེ་སྣོད་"འཛིན་པའི་"དགེ་འདུན་"གང་ཟག་"བྱེ་བྲག་པ་"རྣམས་"ཕུལ་བ་གྱིས་"ལའོ། །དགེ་འདུན་ནི། དགེ་འདུན་གྱིས་མཉམ་པར་གོས་གསུངས། ཀུན་དགའ་བོས། མུ་ཏིག་ཅན་གྱིས་ལས་ཅི་ལས་བྲན་མོར་གྱུར། ལས་ཅི་ལས་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་ཏེ་བདེན་པ་མཐོང་ཞུས་ཚེ། སྔོན་སངས་རྒྱས་འོད་བསྲུང་མྱ་ངན་ལས་འདས་པའི་ཚ་ཚོང་དཔོན་ཕྱུག་པོ་ཞིག་ལ་བུ་བུ་མོ་གང་ཡང་མེད་པས་ཚོང་དཔོན་ཤི་ལ་ཐུག་པ་ན། ཆུང་མས་བསམ་ནས་བདག་"རྒྱལ་པོའི་ཁྱེར་འགྲོ་སྙམས་ནས་"གི་ཁྱིམ་ནོར་འདིའི་སྐྱེ་བ་ཕྱི་མའི་ལམ་བརྒྱགས་སྦྱར་རོ་སྙམས་ནས་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་མགུལ་ན་ཐོག་པ་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དྲི་དང་བྱུག་པས་བྱུགས། མུ་ཏིག་བཏགས་ཏེ་དགེ་བ་འདི་ཡིའི་བདག་ཕྱུག་པོའི་རིགས་སུ་སྐྱེས"ཏེ་སངས་རྒྱས་འོད་སྲུང་ཁོང་ལྟ་བུའི"། ཡོན་ཏན་འདི་ལྟ་བུ་ཐོབ་"ཡོད་"པའི་སྟོན་པ་"སངས་རྒྱས་རྣམས་ལ་"ལ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་པར་བྱེད་པ་མུ་ཏིག་ཅན་ནོ། །དེ་ངས་བསྟན་པ་ལ་དད་དེ་བདེན་པ་མཐོང་བའོ། །དེ་སྔོན་ཚེ་ཚོང་དཔོན་གྱི་ཆུར་མར་གྱུར་སྐབས་དབང་ཕྱུག་གིས་དྲེགས་པས་རྒྱགས་ནས་སྤྱོད་ཡུལ་ལ་གནས་པའི་དགེ་འདུན་རྣམས་ལ་བྲན་མོའི་བུ་ཞེས་སྨྲས་པའི་ཚེ་རབས་མང་པོར་བྲན་མོར་གྱུར་པའོ་གསུངས་སོ། །

No comments:

Post a Comment