Wednesday, 4 December 2024

༄༅།། རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་བསམ་འགྲུབ་ལྷ་ཡི་ལྗོན་ཤིང་བཞུགས།།

༄༅།། ན་རོཿགུ་རུ་ཙིནྟ་ཙཀྲ་ཡ། དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཡི།། ཐུགས་རྗེའི་ཕྲིན་ལས་གཅིག་ཏུ་བསྡུས་པ་ལས།། ཡོངས་ཤར་རྗེ་བཙུན་བཅོམ་ལྡན་འདས་མ་ནི།། ཡིད་བཞིན་འཁོར་ལོས་དེ་རིང་བདག་སྐྱོངས་ཤིག །ཐུགས་རྗེའི་དབང་ཕྱུག་འགྲོ་ལ་བརྩེ་བ་ཡི།། ཆུ་རྒྱུན་ཆལ་ཆིལ་གཡོ་བ་ལས་འཁྲུངས་པའི།། སྒྲོལ་མ་ཞེས་གྲགས་རྒྱལ་བས་བསྔགས་པ་ཡི།། ཨུཏྤལ་དཀར་པོ་ཐོད་དུ་བཅིངས་ལ་འདུད།།

Monday, 27 May 2024

༄༅།། ཟུར་བཀའ་བརྒྱ་རྩ་ནས་འབྱུང་བའི་ཆག་མེད་འདོན་དགོས་ཀྱི་གཟུངས་སྔགས་དམ་བཅའ་ཅན་རྣམས་ཟུར་དུ་བཀོད་པ་བཞུགས།

 ༄༅།། ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ཞི་ཁྲོ་རབ་འབྱམས་མ་ལུས་པ།། གཅིག་བསྡུས་བླ་མ་ལ་བཏུད་ནས།། དམ་བཅའ་ཅན་གྱི་གཟུངས་སྔགས་རྣམས།། ཆག་མེད་འདོད་ཚུལ་འདི་ན་སྤེལ།། སྒྲོལ་དཀར་གྱི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། གཉན་སྒྲོལ་གྱི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཐུབ་པ་རྡོར་གདན་ལ། ཨོཾ་ཨཱཿབཛྲ་ཧཱུཾ་སྭཱཧཱ། སྨན་བླར། ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛཱ་ས་མུད་ག་ཏེ་སྭཱཧཱ།